心若与心相融

杨秀措

作词 : 曼拉杰甫

作曲 : 杨秀措

编曲 : 王乐汀

<སེམས་དང་སེམས་པ་འདྲེས་ན།

ཁ་ཟུར་བྱམས་པ་མིན་ན།།

སྙིང་གཏམ་ཚིག་གསུམ་བཤད་ཆོག།

སེམས་དང་སེམས་པ་འདྲེས་ན།།

གཏན་གྱི་འདུན་མ་བཅོལ་ཆོག།

དགུང་སྟོད་ཨ་སྔོན་མཐོན་པོ།།

མགོ་ཁང་གྲུ་བཞི་བྱས་ཆོག།

དྲོད་སྐྱིད་ཉི་མའི་འོད་ཟེར།།

སོ་སོའི་སེམས་ལ་བསྐྱིལ་ཆོག།

ཁ་ཟུར་བྱམས་པ་མིན་ན།།

སྙིང་གཏམ་ཚིག་གསུམ་བཤད་ཆོག།

སེམས་དང་སེམས་པ་འདྲེས་ན།།

སེམས་ཀྱི་འདུན་མ་བཅོལ་ཆོག།

མཐའ་ཡས་རྒྱ་མཚོའི་གཏིང་ནས།།

དམར་པོ་མེ་ཡང་གཏང་ཆོག།

སྙིང་ཆུང་ནོར་བུའི་དྲོད་ཁོལ།།

སོ་སོའི་སེམས་ལ་བསྲེ་ཆོག།

མཐའ་ཡས་རྒྱ་མཚོའི་གཏིང་ནས།།

དམར་པོ་མེ་ཡང་གཏང་ཆོག།

སྙིང་ཆུང་ནོར་བུའི་དྲོད་ཁོལ།།

སོ་སོའི་སེམས་ལ་བསྲེ་ཆོག།

同歌手歌词