阿克先巴

南木卡

作词 : 民间

作曲 : 民间

编曲 : 谢尔巴

ཨ་ཁུ་བྱམས་པ།

ཚིག དམངས་ཁྲོད།

དབྱངས། དམངས་ཁྲོད།

ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

ཚིག་དབྱངས་འགྱུར་བཅོས། ཇེང་།

རོལ་མོ་སྒྲིག་བཟོ། ཤེར་བྷ།

མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།

པི་ཝང། བསོད་ནམས་ཕུན་ཚོགས།

སྒྲ་ལེན་པ། གཡང་རོང་ཨ་དོན།

སྒྲ་ཞིབ་སྦྱོར། ཕཱིན་ཙི།

རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།

ཡིག་སྒྱུར་པ། སྒྲོ་ཨ་རུ།

དབྱར་ཁ་སྤང་ལ་སྐྱིད་སོང་ལོ།

སྤང་ལ་མེ་ཏོག་མཛེས་སོང་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།

ཨ་ཁུ་བྱམས་པ་ལོ། བྱམས་པའི་སྒྲོལ་མ་ལོ།

རྟ་ལ་ཅང་ཤེས་ལོ། སྒ་ལ་གསེར་སྒ་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།

ཨ་ཁུ་བྱམས་པ་ལོ། བྱམས་པའི་སྒྲོལ་མ་ལོ།

རྟ་ལ་ཅང་ཤེས་ལོ། སྒ་ལ་གསེར་སྒ་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།

དགུན་ཁ་གཟིམས་ཆུང་ལ་ནས་སྐྱིད་སོང་། འོ།

གཟིམས་ཆུང་ཉི་མ་དྲོ་སོང་། ནང་ལ་ཆང་གསོལ་རོགས།

ཨ་ཁུ་བྱམས་པ་ཡོད། བྱམས་པའི་སྒྲོལ་མ་ཡོད།

ནང་ལ་ཆང་གསོལ་རོགས།

རྟ་ལ་ཅང་ཤེས་ཡོད། སྒ་ལ་གསེར་སྒ་ཡོད།

ནང་ལ་ཆང་གསོལ་རོགས།

ང་ཚོ་དེ་རིང་སྐྱིད་སོང་ལོ།

སྐྱིད་པའི་སྐལ་བ་ལྡན་སོང་ལོ་ཡ། ལོ་ལོ་ཆུང་མ་ལོ།

ཨ་ཁུ་བྱམས་པ་ལོ། བྱམས་པའི་སྒྲོལ་མ་ལོ།

རྟ་ལ་ཅང་ཤེས་ལོ། སྒ་ལ་གསེར་སྒ་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།

ཨ་ཁུ་བྱམས་པ་ཡོད། བྱམས་པའི་སྒྲོལ་མ་ཡོད།

ནང་ལ་ཆང་གསོལ་རོགས།

རྟ་ལ་ཅང་ཤེས་ཡོད། སྒ་ལ་གསེར་སྒ་ཡོད།

ནང་ལ་ཆང་གསོལ་རོགས།