吉祥欢歌

旦增拉加

作词 : 贡嘎南杰

作曲 : 贡嘎南杰

བཀྲ་ཤིས་གངས་ལྗོངས་ཡུལ་ལ།།

དྲོ་འཇམ་ཉི་མ་ཤར་བྱུང་།།

བཀྲ་ཤིས་གཙང་གི་ཡུལ་ལ།།

བདེ་སྐྱིད་རྩ་བ་འཚུགས་སོང་།།

སྐལ་པ་བཟང་པོའི་དུས་འདིར།།

ང་ཚོ་མཉམ་འཛོམས་བྱུང་སོང་།།

བཀྲ་ཤིས་སྙན་པའི་གླུ་དབྱངས།།

ཉི་མའི་ཕྱོགས་ལ་འཕུལ་ཡོད།

བཀྲ་ཤིས་བདེ་ལེགས་ཤོག།

བསྟོད་པའི་གླུ་དབྱངས་ལེན་ཤོག།

དུས་རབས་གསར་པའི་འཚོ་བར།།

སྙན་པའི་གླུ་དབྱངས་ལེན་ཤོག།

སྐལ་པ་བཟང་པོའི་དུས་འདིར།།

ང་ཚོ་མཉམ་འཛོམས་བྱུང་སོང་།།

བཀྲ་ཤིས་སྙན་པའི་གླུ་དབྱངས།།

ཉི་མའི་ཕྱོགས་ལ་འཕུལ་ཡོད།

མཛེས་པའི་མྱང་ཡུལ་གཞུང་ལ།།

དགའ་སྤྲོའི་དཔལ་ལ་རོལ་སོང་།།

ཕ་ཡུལ་གཞིས་རྩེའི་ཡུལ་ལ།།

བཀྲ་ཤིས་གཏམ་བཟང་ཐོས་བྱུང་།།

སྐལ་པ་བཟང་པོའི་དུས་འདིར།།

ང་ཚོ་མཉམ་འཛོམས་བྱུང་སོང་།།

བཀྲ་ཤིས་སྙན་པའི་གླུ་དབྱངས།།

ཉི་མའི་ཕྱོགས་ལ་འཕུལ་ཡོད།

བཀྲ་ཤིས་བདེ་ལེགས་ཤོག།

བསྟོད་པའི་གླུ་དབྱངས་ལེན་ཤོག།

དུས་རབས་གསར་པའི་འཚོ་བར།།

སྙན་པའི་གླུ་དབྱངས་ལེན་ཤོག།

སྐལ་པ་བཟང་པོའི་དུས་འདིར།།

ང་ཚོ་མཉམ་འཛོམས་བྱུང་སོང་།།

བཀྲ་ཤིས་སྙན་པའི་གླུ་དབྱངས།།

ཉི་མའི་ཕྱོགས་ལ་འཕུལ་ཡོད།

བཀྲ་ཤིས་བདེ་ལེགས་ཤོག།

བསྟོད་པའི་གླུ་དབྱངས་ལེན་ཤོག།

དུས་རབས་གསར་པའི་འཚོ་བར།།

སྙན་པའི་གླུ་དབྱངས་ལེན་ཤོག།

སྐལ་པ་བཟང་པོའི་དུས་འདིར།།

ང་ཚོ་མཉམ་འཛོམས་བྱུང་སོང་།།

བཀྲ་ཤིས་སྙན་པའི་གླུ་དབྱངས།།

ཉི་མའི་ཕྱོགས་ལ་འཕུལ་ཡོད།

བཀྲ་ཤིས་སྙན་པའི་གླུ་དབྱངས།།

ཉི་མའི་ཕྱོགས་ལ་འཕུལ་ཡོད།