君问

三智才让

作词 : 岗尖土登扎西

作曲 : 三智才让

男:

ཨ་རྩེད།

རྒྱ་བྱ། རྨ་བྱ། ཁུ་ཡུག་གསུམ་པོ།

འཛོམས་ས་ག་ནས་རེད་ལོ།

女:

ཨ་རྩེད།

འཁྲུངས་ས་མི་གཅིག

འཕུར་ས་མི་གཅིག

འཛོམས་ས་རྒྱ་རྫོང་རེད་ལོ།

合:

འཁྲུངས་ས་མི་གཅིག

འཕུར་ས་མི་གཅིག

འཛོམས་ས་རྒྱ་རྫོང་རེད་ལོ།

男:

ཨ་རྩེད།

མདོ་པ། དབུས་པ། ཁམས་པ་གསུམ་པོ།

འཛོམས་ས་ག་ནས་རེད་ལོ།

女:

ཨ་རྩེད།

འཚོ་ས་་མི་གཅིག

གནས་ས་མི་གཅིག

འཛོམས་ས་ལྷ་ས་རེད་ལོ།

合:

འཚོ་ས་་མི་གཅིག

གནས་ས་མི་གཅིག

འཛོམས་ས་ལྷ་ས་རེད་ལོ།

男:

ཨ་རྩེད།

རྨ་ཆུ། རྫ་ཆུ། འབྲི་ཆུ་གསུམ་པོ།

འབབ་ས་ག་ནས་རེད་ལོ།

女:

ཨ་རྩེད།

ཆུ་སྣ་མི་གཅིག

ཆུ་རྒྱུན་མི་གཅིག

འབབ་ས་རྒྱ་མཚོ་རེད་ལོ།

合:

ཆུ་སྣ་མི་གཅིག

ཆུ་རྒྱུན་མི་གཅིག

འབབ་ས་རྒྱ་མཚོ་རེད་ལོ།

ཆུ་སྣ་མི་གཅིག

ཆུ་རྒྱུན་མི་གཅིག

འབབ་ས་རྒྱ་མཚོ་རེད་ལོ།

同歌手歌词