故乡称多

土丁吾周

作词 : 土丁吾周

作曲 : 土丁吾周

ཕ་ཡུལ་ཁྲི་འདུ།

སྒ་ཡུལ་སྐྱིད་པའི་ལུང་པ།།

གནས་མཆོག་སྒ་སྟོད་ཇོ་བོ།།

བཅུ་ཕྲག་རིག་གནས་དར་ས།།

ཕ་ཡུལ་ཁྲི་འདུ་ཡིན་སོང་།།

ཨོ་་་་་་ཕ་ཡུལ་ཁྲི་འདུ།

རྒན་པའི་ཚེ་ཐག་ཆུ་ལས་རིང་ས།།

ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་པ།།

སྒ་ཡུལ་སྐྱིད་པའི་ལུང་པ།།

ཆོས་ལྡན་ཞིང་གི་ཕ་ས།།

བྱམས་དང་སྙིང་རྗེའི་བདག་པོ།།

ཕ་ཡུལ་ཁྲི་འདུ་ཡིན་སོང་།།

ཨོ་་་་་་ཕ་ཡུལ་ཁྲི་འདུ།

བྱམས་ལྡན་ཕ་མའི་བསམ་དོན་འགྲུབ་ས།།

ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་པ།།

སྒ་ཡུལ་སྐྱིད་པའི་ལུང་པ།།

དགའ་སྐྱིད་འཛོམས་པའི་གནས་མཆོག།

གླུ་གར་རྒྱ་མཚོའི་ཕ་ས།།

ཕ་ཡུལ་ཁྲི་འདུ་ཡིན་སོང་།།

ཨོ་་་་་་ཕ་ཡུལ་ཁྲི་འདུ།

གཞོན་པའི་སྣང་བ་སྤྲིན་ལས་མཐོ་ས།།

ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་པ།།

སྒ་ཡུལ་སྐྱིད་པའི་ལུང་པ།།

འཇའ་ཐང་གཡང་གི་ཕ་ས།།

རྟ་ནོར་ལུག་གསུམ་འཛོམས་ས།།

ཕ་ཡུལ་ཁྲི་འདུ་ཡིན་སོང་།།

ཨོ་་་་་་་ཕ་ཡུལ་ཁྲི་འདུ།

སྤུན་དང་ན་ཟླའི་མཐུན་སྒྲིལ་ཆེ་ས།།

ཕ་ཡུལ་ཁྲི་འདུ་རྒྱ་གར་ལུང་པ།།

སྤུན་དང་ན་ཟླའི་མཐུན་སྒྲིལ་ཆེ་ས།།

ཕ་ཡུལ་ཁྲི་འདུ།།

同歌手歌词