苦乐的世界

多杰东周

作词 : 曾加博

作曲 : 多杰东周/多杰东周

苦乐的世界 སྐྱིད་སྡུག་གི་འཇིག་རྟེན། 黑帐篷里的幸福一家人,互相关怀拥抱甜蜜的花簇,彼此包容和真爱和谐相处最幸福,悲欢离合时最难度过的时光。

སྨུག་རི་སྒང་འགྲིམ་པའི་ཤ་ཁྱུ་ལ།།

རྩི་མེ་ཏོག་རྒྱས་དུས་སྐྱིད་ཅིག་ཡོད།།

མགོའི་དུང་ར་ངོམ་ན་མཛེས་ཤིག་ཡོད།།

དགྲ་རྔོན་པ་ཐོན་དུས་ཡིད་རེ་སྐྱོ།།

ཤིང་ཡ་གའི་རྩེ་མོའི་བྱ་ཁྱུ་ལ།།

ཆར་སིམ་སིམ་འབབ་ན་སྐྱིད་ཅིག་ཡོད།།

སྐད་གྲེ་འགྱུ་སྒྲོག་ན་ཉམས་ཤིག་ཡོད།།

ཙག་བསེར་བུ་ཐོན་དུས་ཡིད་རེ་སྐྱོ།།

སྦྲ་མཐིང་སྨུག་ནང་གི་གཟའ་ཚང་ལ།།

རྒྱུ་བསོད་ནམས་དར་དུས་སྐྱིད་ཅིག་ཡོད།།

ནང་ཁ་ཚིག་མཐུན་ན་འདང་ཞིག་ཡོད།།

རྐྱེན་གོད་ཆག་བྱུང་ན་ཡིད་རེ་སྐྱོ།།

同歌手歌词