慈母之爱

泽旺拉姆

作词 : 门卫布

作曲 : 索秀达杰

ཨ་མ་མ་ལོ།

ཚིག སྨིན་དབུས་པོ།

དབྱངས། སོག་ཤོད་དར་རྒྱས།

ལེན་མཁན། ཚེ་དབང་ལྷ་མོ།

འཇིག་རྟེན་མི་ཡུལ་དག་པའི་་རེད།།

མི་ལུས་ལོན་པ་ཨ་མའི་དྲིན་ཡིན།།

མ་ལོའི་ཐུགས་རྗེ་རྒྱ་མཚོའི་ཟབ་རེད།།

ཨ་མ་མ་ལོ་འཇིག་རྟེན་མགོན་ཡིན།།

ཤེས་བྱ་ཡོན་ཏན་ནོར་བུའི་མཛོད་རེད།།

སློབ་སྦྱོང་གོ་སྐབས་ཨ་མའི་དྲིན་ཡིན།།

མ་ལོའི་བརྩེ་སྐྱོང་ནམ་མཁའི་ཡངས་རེད།།

ཨ་མ་མ་ལོ་ཤེས་རབ་མིག་ཡིན།།

ལྟ་སྤྱོད་སྣ་ཚོགས་གྱང་ཁའི་རྩ་རེད།།

བླང་དོར་ཤེས་པ་ཨ་མའི་དྲིན་ཡིན།།

མ་ལོའི་ཁ་ཏ་བདུད་རྩིའི་སྨན་རེད།།

ཨ་མ་མ་ལོ་འཚོ་བའི་རྐང་ཡིན།།

བསྡད་ན་ཨ་མ་ཁྱིམ་གྱི་དྲོད་རེད།།

སོང་ན་མ་ལོ་སེམས་ཀྱི་རྟེན་ཡིན།།

མདོར་ན་ཡོད་ཚད་ཨ་མའི་དྲིན་རེད།།

ཨ་མ་མ་ལོ་ཚེ་རིང་ལོ་བརྒྱ།།

同歌手歌词