温馨提示 贡秋桑旦

贡秋桑旦

作曲 : 贡秋桑旦

编曲 : 贡秋桑旦

ཤ་ཚའི་དྲན་སྐུལ།

ཚིག ཆམ་མེ།

གདངས། བསམ་གཏན།

ལེན་མཁན་བསམ་གཏན།

རྒྱུ་རེ་བཞིན་རེ་བཞིན་རི་ལ་འགྲོ།།

ཞལ་དགོད་ཅིང་ངུ་བཞིན་རི་ནས་འབབ།།

རྒྱུ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ།།

སྲོག་བཟུང་ཞིང་ཤོར་ཞིང་རི་ལ་འགྲོ།།

ཚེ་ཐུང་ངུ་ཐུང་ངུའི་མར་མེ་ཞིག།

རྐྱེན་བར་ཆད་ཁྲོད་ན་འདར་ར་རར།།

གངས་བུ་ཡུག་འབབ་ཅིང་ཞུ་བཞིན་དུས།།

སྲོག་དམར་ཆུང་འདི་ཡང་བདག་ཅིག་མཛོད།།

རི་བདག་མེད་གཅན་གཟན་དྲེད་མོང་སོགས།།

ཁྱོད་ཕྲ་མོའི་སྲོག་ལ་བར་ཆད་རྒོལ།།

ད་འུར་སྒྲ་མ་བྱ་རོགས་དང་འགྲོགས།།

ཁྱོད་བདེ་འཇགས་ཀུན་གྱི་རྩ་བ་ཡིན།།

རང་ཚེ་སྲོག་བར་ཆད་མ་བྱུང་ན།།

རྒྱུ་རིན་ཆེན་ཟེར་བ་དེ་རང་ཡིན།།

རང་མི་ཚེ་རྐྱེན་ལམ་མ་བཏང་ན།།

དོན་དམ་པའི་གསེར་དངུལ་དེ་རང་ཡིན།།