美好的祝福

朗唐扎西

作词 : 雪鹰扎诺

作曲 : 雪鹰扎诺

编曲 : 朗唐扎西/极地音符发布

བཀྲ་ཤིས་སྨོན་འདུན།

ཚིག་གདངས། གངས་རྒོད་བཀྲ་ནོར།

ལེན་མཁན། གླང་ཐང་བཀྲ་ཤིས།

ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།

ང་ཡི་ཡབ་ཡུམ་སྐུ་ཚེ་བརྟན་པ་ཤོག

བུ་ཕྲུག་ང་ཚོའི་བསམ་དོན་འགྲུབ་པར་ཤོག

དམ་ཚིག་གཙང་མ་སྔར་བཞིན་གནས་པ་ཤོག

ཆོས་ཀྱི་འཁོར་ལོ་སླར་ནས་འཁོར་བར་ཤོག

རང་ཡུལ་སྐྱིད་སུ་མི་རྒྱུད་བཟང་བ་ཤོག

ཡ་རབས་སྤྱོད་བཟང་སྙིང་རྗེ་ལྡན་པར་ཤོག

ལུས་སེམས་གཉིས་ལ་བདེ་སྐྱིད་ཐོབ་པར་ཤོག

སྐལ་པ་བཟང་པོའི་དུས་ཞིག་ཤར་བ་ཤོག

ཨ་ལ་ཆུང་སེ་ཨ་ལ་ཆུང་སེ་ཆུང་སེ་ཨ་ལ་རོང།

ཨ་ལ་རོང་ཟེར་ཨ་ལ་རོང་རང་སེམས་མ་ལ་རོང།

ཨ་ལ་ཆུང་སེ་ཨ་ལ་ཆུང་སེ་ཆུང་སེ་ཨ་ལ་རོང།

ཨ་ལ་རོང་ཟེར་ཨ་ལ་རོང་རང་སེམས་མ་ལ་རོང།

ང་ཡི་ཡབ་ཡུམ་སྐུ་ཚེ་བརྟན་པར་ཤོག

སྐྱིད་པའི་ཉི་མ་དྲོད་ཀྱིས་ཤར་བ་ཤོག

ཕ་མ་བུ་ཕྲུག་མཉམ་དུ་འཛོམས་པར་ཤོག

ཁ་བ་ཅན་ལ་བསོད་ནམས་རྒྱས་པར་ཤོག

འཇིག་རྟེན་འགྲོ་བ་སྡུག་ནས་གྲོལ་པར་ཤོག

རང་བྱུང་འཁོར་བ་གང་དགའ་གང་སྐྱིད་ཤོག

སྤང་རྒྱན་མེ་ཏོག་སྔར་བཞིན་མཛེས་པ་ཤོག

འཛམ་བུ་གླིང་ལ་ཞི་བདེ་ཡོང་བར་ཤོག

ཨ་ལ་ཆུང་སེ་ཨ་ལ་ཆུང་སེ་ཆུང་སེ་ཨ་རོགས།

ཨ་ལ་རོང་ཟེར་ཨ་ལ་རོང་རང་སེམས་མ་ལ་རོགས།

ཨ་ལ་ཆུང་སེ་ཨ་ལ་ཆུང་སེ་ཆུང་སེ་ཨ་རོགས།

ཨ་ལ་རོང་ཟེར་ཨ་ལ་རོང་རང་སེམས་མ་ལ་རོགས།

ཨ་ལ་ཆུང་སེ་ཨ་ལ་ཆུང་སེ་ཆུང་སེ་ཨ་རོགས།

ཨ་ལ་རོང་ཟེར་ཨ་ལ་རོང་རང་སེམས་མ་ལ་རོགས།

ཨ་ལ་ཆུང་སེ་ཨ་ལ་ཆུང་སེ་ཆུང་སེ་ཨ་རོགས།

ཨ་ལ་རོང་ཟེར་ཨ་ལ་རོང་རང་སེམས་མ་ལ་རོགས།