朋友

索扎

作词 : 德却加

作曲 : 索扎/三智才让

གྲོགས་པོ།

ཚིག བདེ་མཆོག་རྒྱལ།

དབྱངས།བསོད་བཀྲ བསམ་འགྲུབ་ཚེ་རིང་།

ལེན་མཁན།བསོད་བཀྲ བསམ་འགྲུབ་ཚེ་རིང་།ཀླུ་མོ་མཚོ།

འཇིག་རྟེན་འདི་བརྩེ་བས་ཁེངས་ཡོད།

སྐྱིད་སྡུག་ལ་འཁང་ར་མ་བྱེད།

བྱམས་བརྩེ་ཡི་འོད་མདངས་གོར་མོ།

གྲོགས་པོ་ཚོའི་གདོང་ན་འཁྱིལ་ཡོད།

གྲོགས་པོ་ལགས།

གྲོགས་པོ་ལགས།

འོ་ཡེ་་་་་་་་

ཡ་རེ་ཡང་གི་ལེན།

འོ་ཡེ་་་་་་་

ཡ་རེ་ཡང་གི་ལེན།

འཇིག་རྟེན་འདི་བརྩེ་བས་ཁེངས་ཡོད།

ལོ་ཟླ་དེ་ཡལ་འགྲོ་མ་བསམ།

རྣམ་དཔྱོད་ཀྱི་ཚན་ཁ་དམར་པོ།

གྲོགས་པོ་ཚོའི་མིག་ན་འཚེར་ཡོད།

གྲོགས་པོ་ལགས།

གྲོགས་པོ་ལགས།

འོ་ཡེ་་་་་་་་

ཡ་རེ་ཡང་གི་ལེན།

འོ་ཡེ་་་་་་་

ཡ་རེ་ཡང་གི་ལེན།

འཇིག་རྟེན་འདི་བརྩེ་བས་ཁེངས་ཡོད།

མི་ཚེ་ལ་དར་རྒུད་མང་ཡང་།

སྙིང་སྟོབས་ཀྱི་གད་རྒྱང་བཙན་པོ།

གྲོགས་པོ་ཚོའི་གསུངས་ན་འཁོར་ཡོད།

གྲོགས་པོ་ལགས།

གྲོགས་པོ་ལགས།

འོ་ཡེ་་་་་་་་

ཡ་རེ་ཡང་གི་ལེན།

འོ་ཡེ་་་་་་་

ཡ་རེ་ཡང་གི་ལེན།

འཇིག་རྟེན་འདི་བརྩེ་བས་ཁེངས་ཡོད།

རང་སེམས་ལ་ཞུམ་པ་མེད་ཚེ།

རེ་སྨོན་གྱི་གཤོག་ཟུང་བརྐྱངས་ཏེ།།

གྲོགས་པོ་ཚོ་མདུན་དུ་བསྐྱོད་རོགས།

同歌手歌词