玛域姑娘

康珠吉

作曲:民间

作词:迈仓·旦克

演唱:康珠吉

~

སྟག་ཤར་དགྲ་ལྷ་རྒྱས་རྒྱུ་བོ།།

སྨན་ཆུང་ང་ཡི་གཞས་ལ་གསོན།།

རྨ་ཆེན་གངས་ཀྱི་རི་རྒྱུད་འདི།།

རྨ་ཡུལ་བུ་མོའི་ངང་རྒྱུད་ཡིན།།

གངས་ལ་ཉི་འོད་ཕོག་པ་འདི།།

གཤིས་ལ་བྱམས་བརྩེ་ལྡན་རྟགས་ཡིན།།

ལུས་ལ་གར་སྟབས་འཛོམས་པ་འདི།།

སེང་ལྕམ་འབྲུག་མོའི་མཛངས་གཤིས་ཡིན།།

ལུས་ལ་གར་སྟབས་འཛོམས་པ་འདི།།

སེང་ལྕམ་འབྲུག་མོའི་མཛངས་གཤིས་ཡིན།།

~

སྟག་ཤར་ཁ་ལས་དགེ་རྒྱུ་བོ།།

སྨན་ཆུང་ང་ཡི་གཞས་ལ་གསོན།།

རྨ་ཀླུང་གཙང་བོའི་བཞུར་རྒྱུན་འདི།།

རྨ་ཡུལ་བུ་མོའི་ཕྱི་ཐག་ཡིན།།

ཆུ་ལ་དྭངས་ཤ་ལྷོད་པ་འདི།།

གཤིས་ལ་གུས་ལུགས་ལྡན་རྟགས་ཡིན།།

ངག་ལ་མགུར་མ་འཁྱིལ་བ་འདི།།

སེང་ལྕམ་འབྲུག་མོའི་དྲུག་འགྱུར་ཡིན།།

ངག་ལ་མགུར་མ་འཁྱིལ་བ་འདི།།

སེང་ལྕམ་འབྲུག་མོའི་དྲུག་འགྱུར་ཡིན།།

~〔*RAP*〕~

སྟག་ཤར་རླུང་རྟ་དར་རྒྱུ་བོ།།

སྨན་ཆུང་ང་ཡི་གཞས་ལ་གསོན།།

རྨ་གཞུང་རྩྭ་ཐང་ཡངས་པོ་འདི།།

རྨ་ཡུལ་བུ་མོའི་བློ་ཁོག་ཡིན།།

སྤང་ལ་མུ་མཐའ་བྲལ་བ་འདི།།

ཐུགས་ལ་ཡོན་ཏན་ཤོང་རྟགས་ཡིན།།

གདོང་ལ་འཛུམ་རྒྱ་གྲོལ་བ་འདི།།

སེང་ལྕམ་འབྲུག་མོའི་བཞད་སྒྲ་ཡིན།།

གདོང་ལ་འཛུམ་རྒྱ་གྲོལ་བ་འདི།།

སེང་ལྕམ་འབྲུག་མོའི་བཞད་སྒྲ་ཡིན།།

~