祝福的歌

谢旦

作词 : 藏日嘎桑南真

作曲 : 洛萨

ཡེ་་་་་

ནམ་མཁའ་དག་པའི་དབྱིངས་ནས།

མེ་ཏོག་ཆར་བ་བབ་བྱུང་།

རྩི་ཤིང་ལོ་འདབ་རྒྱས་པའི།

རྟེན་འབྲེལ་དེ་རིང་འགྲིག་སོང་།

རྩི་ཤིང་ལོ་འདབ་རྒྱས་པའི།

རྟེན་འབྲེལ་དེ་རིང་འགྲིག་བྱུང་།

ཡེ་་་་་

བར་སྣང་སྟོང་བའི་མཁའ་ནས།

འཇའ་ཚོན་སྣ་ལྔ་ཤར་བྱུང་།

ཀུན་ལ་བཀྲ་ཤིས་རྒྱས་པའི།

རྟེན་འབྲེལ་དེ་རིང་འགྲིག་བྱུང་།

ཀུན་ལ་བཀྲ་ཤིས་རྒྱས་པའི།

རྟེན་འབྲེལ་དེ་རིང་འགྲིག་སོང་།

ཡེ་་་་་

ནོར་འཛིན་ས་ཡི་སྟེང་དུ།

ཚོགས་ཆེན་འདུ་ཁང་འགྲུབ་བྱུང་།

བཤད་བསྒྲུབ་བསྟན་པ་དར་བའི།

རྟེན་འབྲེལ་དེ་རིང་འགྲིག་བྱུང་།

བཤད་བསྒྲུབ་བསྟན་པ་དར་བའི།

རྟེན་འབྲེལ་དེ་རིང་འགྲིག་བྱུང་།

同歌手歌词