兄弟

色格尔

作词 : 卓嘉斡

作曲 : 色格尔

༺ གྲོགས་པོ། ༻

ཚིག འབྲོག་སྐྱ་བོ།

དབྱངས། གསེར་གུར།

གཞས་པ། གསེར་གུར།

གཞས་ཚིག་སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་།

སྐད་འཕྲིན་ཨང་གྲངས། ༥༩༦༩༤༢༠༣༧

࿄ ࿄ ࿄

སོ་སོའི་སེམས་ཀྱི་དབྱར་ཁ།།

གངས་རིའི་རྒྱབ་ན་ཚེས་ཡོད།།

བགྲོད་ལམ་ཀྱག་ཀྱོག་ཆེ་ཡང་།།

རྐང་པ་བརྒྱབ་ནས་སོང་ཆོག།

ཧེ། ང་ཡི་སྤུན་ཟླ།

ཧེ། ང་ཡི་གྲོགས་པོ།

ཧེ། ང་ཡི་སྙིང་ཉེ།

རྒྱང་རིང་ཡུལ་ན་ང་ཚོའི་རྨི་ལམ་ཡོད།

རྒྱང་རིང་ཡུལ་ན་ང་ཚོའི་རྨི་ལམ་ཡོད།

་་་ ་་་

ཐག་རིང་མི་ཡི་ལུང་པ།།

གོར་མོ་རྡོ་ལས་འཁྱག་ཀྱང་།།

སེམས་པ་ས་ལ་མ་འཇོག།

ལག་པ་གཉིས་ཀྱིས་སྐྱོར་ཤོག།

ཧེ། ང་ཡི་སྤུན་ཟླ།

ཧེ། ང་ཡི་གྲོགས་པོ།

ཧེ། ང་ཡི་སྙིང་ཉེ།

སྐྱ་མོའི་ལམ་ན་ང་ཚོའི་སྙིང་རུས་ཡོད།

སྐྱ་མོའི་ལམ་ན་ང་ཚོའི་སྙིང་རུས་ཡོད།

་་་ ་་་

མཛེས་པའི་ཕམ་ཉེས་ཁུར་བའི།།

རྨི་ལམ་མང་བའི་གཞོན་ནུ།།

གོམ་པ་སྔུན་ལ་སྤོས་ཤོག།

ཉི་འོད་ནང་ལ་སྤོས་ཤོག།

ཧེ། ང་ཡི་སྤུན་ཟླ།

ཧེ། ང་ཡི་གྲོགས་པོ།

ཧེ། ང་ཡི་སྙིང་ཉེ།

ཉི་འོད་ནང་ན་ང་ཚོའི་རེ་འདུན་ཡོད།

ཧེ། ང་ཡི་སྙིང་ཉེ།

ཉི་འོད་ནང་ན་ང་ཚོའི་རེ་འདུན་ཡོད།

ཉི་འོད་ནང་ན་ང་ཚོའི་རེ་འདུན་ཡོད།

同歌手歌词