前途

阿香-仁青格来

作词 : 罗松闹布

作曲 : 扎西多杰

0:05:35

我的手机 2018/4/22 0:05:35

མདུན་ལམ།

ཚིག༔ བློ་བཟང་ནོར་བུ།

དབྱངསཿ བཀྲ་ཤིས་རྡོ་རྗེ།

ལེན་མཁནཿ རིན་ཆེན་དགེ་ལེགས།

ཡར་ཀླུང་གི་སྨྲ་ལྕེ།

འུ་ཅག་གི་སྙིང་ནོར།

རྨད་བྱུང་མཚར་སྡུག མཚར་སྡུག་གི་བརྩམས་པའི།

དྭངས་གཙང་གི་སྐད་ཡིག།

གངས་ལྗོངས་ཀྱི་པང་དུ་འཁྲུངས་སོང་།

ང་ཡི་དུང་ཞེན་གྱི་མེ་ཕུང་དྲོན་མོ།

འཚར་ལོངས་ཀྱི་ཁྲོད་ནས་མཆེད་སོང་།

ཕ་སྐད་ལགས། ཁྱེད་ཀྱི་རྣམ་ཤེས་གང་ན་ཡོད་།

ང་ཡི་ལང་ཚོའི་ཕུགས་འདུན་རྒྱང་དུ་བསྲིང་རོགས།

སྐད་ཡིག་གི་དར་ཆ།

མི་རིགས་མཚོན་རྟགས།

སྣ་མང་ཆེད་ལས།

ཆེད་ལས་ནས་འགོ་བརྩམས་པའི།

དབྱངས་གསལ་གྱི་ལས་དབང་།

གངས་ལྗོངས་ཀྱི་མིག་ཆུ་འཐོར་སོང་།

ང་ཡི་སློབ་ཆེན་གྱི་ལོ་ཟླ་རིང་མོ།

རེ་འདུན་གྱི་སྒྲོན་མེ་གཟིམས་སོང་།

ཕ་སྐད་ལགས། ཁྱེད་ཀྱི་རྣམ་ཤེས་གང་ན་ཡོད།

ང་ཡི་ལང་ཚོའི་ཕུགས་འདུན་རྒྱང་དུ་བསྲིང་རོགས།

同歌手歌词