永远跟 妳 在一起

JLD Music

ལས་དང་ལས་འཕྲོས་ཁྱེད་དང་འཕྲད།

དེ་ནས་བརྩེ་དུང་དེ་ཁྱེད་ལ་བཅངས།

མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་དགོས་བསམ་ནས་བསྡད།

ལོ་གཉིས་ཀྱི་བརྩེ་དུང་ཁྱེད་དང་མཉམ་དུ་བསྡད་པའི་དུས་ཚོད།

བུ་ང་ཡིས་བརྗེད་ཐབས་མི་འདུག།

དཀའ་སྡུག་མཉམ་མྱོང་བྱས་བྱས་ང་གཉིས་མཉམ་དུ་ཡོང་།

ལོ་གཉིས་ཀྱི་བརྩེ་དུང་ཁྱེད་དང་མཉམ་དུ་བསྡད་པའི་དུས་ཚོད།

བུ་ང་ཡིས་བརྗེད་ཐབས་མི་འདུག།

དཀའ་སྡུག་མཉམ་མྱོང་བྱས་བྱས་ང་གཉིས་མཉམ་དུ་ཡོང་།

ད་དངོས་ནས་གོམས་བཞག།

ད་དངོས་ནས་གོམས་བཞག།

ད་དངོས་ནས་རང་མཉམ་དུ་བསྡད་ཡས་དེ་གོམས་བཞག།

ཧོབ་དེ་ཁ་ལ་རང་མེད་དུས་དངོས་ནས།

སེམས་ནང་ལ་ན་ཚ་སླེབས་བཞག།

ད་དུང་དགོང་མོ་སླེབས་དུས།

རང་གི་སྐད་ཆ་གཉིད་སྐྱིད་ཟེར་དེ་མེད་དུས།

གཉིད་ཁོ་རེ་ཁུག་གི་མི་འདུག།

ད་ག་རེ་བྱས་པ་ཡིན་ནམ།

ངས་ཀྱང་བཤད་ཤེས་མ་སོང་།

འདུག་སེ་བྱས་བུ་མོ་གཅིག་ལ་དགའ་སོང་།

འདུག་སེ་བྱས་བུ་མོ་གཅིག་ལ་དྲན་སེམས་སླེབས་སོང་།

Oh baby

ལས་དང་ལས་འཕྲོས་ཁྱེད་དང་འཕྲད།

དེ་ནས་བརྩེ་དུང་དེ་ཁྱེད་ལ་བཅངས།

མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་དགོས་བསམ་ནས་བསྡད།

ལས་དང་ལས་འཕྲོས་ཁྱེད་དང་འཕྲད།

དེ་ནས་བརྩེ་དུང་དེ་ཁྱེད་ལ་བཅངས།

མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་དགོས་བསམ་ནས་བསྡད།

མི་ཚོགས་མང་པོའི་དཀྱིལ་ནས།

བུ་ཆུང་ཁྱེད་རང་བུ་མོ་ང་ཡི་ལས་ལ་བསྐོས།

ང་ཡི་སེམས་ནང་བསམ་པ་ཚང་མ།

ཁྱེད་དང་མཉམ་དུ་བསྡད་དགོས་བསམ་བྱུང་།

Oh baby you know

ང་གཉིས་ཀྱི་སྐད་ཆ་དེ་སེམས་ནང་དུབཞག་རོགས་གནང་།

བུ་ང་ཡི་སྐད་ཆ་དེ་སེམས་ནང་དུ་བཞག་རོགས་གནང་།

ས་ཕྱོགས་གང་སར་ཕྱིན་ནའིི།

བུ་མོ་ཁྱེད་རང་བུ་ཆུང་ང་ཡིས།

བརྗེད་ཐབས་མེད་པ་ཤེས་རོགས་གནང་།

ས་ཕྱོགས་ག་ས་ག་ལ་འགྲོ་དགོས་གལ་གྱིས།

བུ་མོ་མང་པོ་ཐུག་གིས།

སེམས་ནང་ལ་རང་མ་གཏོགས་མི་འདུག།

སེམས་ནང་གི་ས་ཆ་ཚང་མ་རང་གིས་ཟིན་བཞག།

ཚུར་ལྟོས་དང་། སྙིང་སྡུག།

བརྩེ་དུང་གི་ལམ་བུ་ཀྱག་ཀྱོག་ཁ་ཐུག་གང་འདྲ་སེ་ཡིན་ནའི།

ངས་རང་གི་ལག་པ་གཉིས་

ང་ལ་ཡིད་ཆེས་བྱོས་དང་།

མི་ཚེ་རང་དང་མཉམ་དུ་བསྐྱལ་ན་བསམ་བྱས་བསྡད་ཡོད།

ད་རེས་འདིར་བཤད་པ་ཡིན།

ང་རྡོ་རྗེས་བཤད་པ་ཡིན།

U r my only angel

U know baby

Uh huh

ལོ་གཉིས་ཀྱི་བརྩེ་དུང་ཁྱེད་དང་མཉམ་དུ་བསྡད་པའི་དུས་ཚོད།

བུ་ང་ཡིས་བརྗེད་ཐབས་མི་འདུག།

དཀའ་སྡུག་མཉམ་མྱོང་བྱས་བྱས་ང་གཉིས་མཉམ་དུ་ཡོང་།

ལོ་གཉིས་ཀྱི་བརྩེ་དུང་ཁྱེད་དང་མཉམ་དུ་བསྡད་པའི་དུས་ཚོད།

བུ་ང་ཡིས་བརྗེད་ཐབས་མི་འདུག།

དཀའ་སྡུག་མཉམ་མྱོང་བྱས་བྱས་ང་གཉིས་མཉམ་དུ་ཡོང་།

མ་གཞི་བྱས་ན་རང་ལ་རྣམ་པ་ཡོད་རེད་ཆ་རྐྱེན་ཡོད་རེད།

ང་ལས་དྲག་པའི་ཕྲུ་གུ་མང་པོ་ཐུག་གི་ཡོད་རེད།

ངས་རང་ལ་དམིགས་པའི་སེམས་པ་དེ་འགྱུར་མྱོང་མེད།

བྱས་ཙང་རང་གིས་བློ་གཏད་བཅོལ་ས་ང་རེད།

ལམ་ཐག་གིས་རྐྱེན་པས་ང་གཉིས་ཐུག་ཡས་ཉུང་ཉུང་།

ངས་རང་ལ་སྤྲད་པའི་བདེ་སྐྱིད་དེ་ཡང་ཉུང་ཉུང་།

ཡིན་ནའི་ཧ་ཧུ་ཟེར་ད་ལྟ་བར་དུ་སླེབས་སོ།

སེམས་ནང་གི་སྙིང་གཏམ་སྒང་པོ་རང་ལ་བཤད་པ་ཡིན།

རེ་བ་ལ་ཕ་མ་སྤུན་མཆེད་ཀྱི་སྨོན་འདུན་འོག་ནས།

ཁྱེད་དང་ཆང་ས་བརྒྱབ་ན་བསམ་བྱུང་།

ལོ་གཉིས་ཀྱི་བརྩེ་དུང་ཁྱེད་དང་མཉམ་དུ་བསྡད་པའི་དུས་ཚོད།

བུ་ང་ཡིས་བརྗེད་ཐབས་མི་འདུག།

དཀའ་སྡུག་མཉམ་མྱོང་བྱས་བྱས་ང་གཉིས་མཉམ་དུ་ཡོང་།

ལས་དང་ལས་འཕྲོས་ཁྱེད་དང་འཕྲད།

དེ་ནས་བརྩེ་དུང་དེ་ཁྱེད་ལ་བཅངས།

མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་དགོས་བསམ་ནས་བསྡད།

ལས་དང་ལས་འཕྲོས་ཁྱེད་དང་འཕྲད།

དེ་ནས་བརྩེ་དུང་དེ་ཁྱེད་ལ་བཅངས།

མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་དགོས་བསམ་ནས་བསྡད།

བསམ་ནས་བསྡད།

同歌手歌词