呐喊

才吉

作词 : 琼桑

作曲 : 丹贝尖参

编曲 : 小鱼儿

ལམ་བུ་ཀྱག་ཀྱོག

呐喊

གཞས་ཚིག ཁྱུང་བཟང་།

词: 琼桑

གཞས་གདངས། བསྟན་པའི་རྒྱལ་མཚན།

曲:丹贝尖参

གཞས་མ། ཚེ་སྐྱིད།

演唱:才吉

མི་ཚེའི་ལ་མོ་ཟེར་བ།།

人生之路,

གཡས་འཁྱོག་གཡོན་ལ་འཁྱོག་པ།།

复杂坎坷,

བཀྲ་ཤིས་རྟགས་བརྒྱད་ནང་གི།

恰似八瑞,

དཔལ་བེའུ་རི་མོ་འདྲ་བ།།

吉祥之结。

དཀའ་བས་རྩེ་མོ་བསྙེགས་ན།།

争锋之旅,

བསེར་ཁ་སྔར་ལས་རྒོད་པ།།

灾难重重,

བྲེལ་བས་ཁུག་ལ་བབས་ན།།

心平气和,

ལུང་ཁོག་སྔུན་ལས་དོག་པ།།

如此之难!

མི་འགྲོ་མི་ཚེའི་ལམ་རེད།།

未来之路,

སོང་ན་ཀྱག་ཀྱོག་ཆེ་བ།།

遥远无边,

བདེ་མོ་ཐང་ལ་སླེབས་པའི།།

险恶江湖,

ལོ་དེ་ནམ་ཚོད་ཡིན་ནམ།།

何以为家?

ལས་དང་ལམ་བུ་ཟེར་བ།།

追梦之行,

གར་ཡོད་བློ་ན་མེད་ཀྱང་།།

始于足下。

མ་འོངས་འདུན་པའི་ས་ལ།།

圆梦之时,

རྒྱང་བཞུད་གནང་ན་ཨེ་དགའ།།

何时到来?

སྤོབས་པའི་མགོ་བོ་དགྱེ་ནས།།

披襟斩将,

ལོ་ཟླའི་ཉག་ག་བརྒྱུད་དུས།།

勇往直前,

བདེ་མོ་ཐང་ལ་སླེབས་པའི།།

何时才能,

དུས་དེ་ནམ་ཚོད་ཡིན་ཨང་།།

幸福快乐?

ལྷ་དེ་བླ་མ་དཀོན་མཆོག།

上师三宝,

མཐོན་པོ་དབྱིངས་ནས་གཟིགས་ཤིག།

心怀慈悲,

ཕལ་བའི་གོམ་འགྲོས་ནང་ལ།།

给我指明,

གཡང་གི་རི་མོ་འགོད་རོགས།།

前进之路。