赛琳

西藏病人

赛琳 - 西藏病人

词:西藏病人

曲:西藏病人

དབྱངས བོད་ལྗོངས་ནད་པ་རོལ་ཚོགས

ཚིག བོད་ལྗོངས་ནད་པ་རོལ་ཚོགས

སེ་ལན།

སེ་ལན ཆར་ནག་འབབ་ལ་ཉེ

ཁེར་རྐྱང་དང་ལྷིང་འཇགས་ལ་སྐྲག་པའི་ཁྱོད་རང་ས་ཆ་གང་ན་ཡོད

སེ་ལན ནམ་ཚོད་ལོག་ཡོང་ངམ

རྫོང་མཁར་འདི་རུ་ཁྱོད་རང་མེད་ཚེ

དྲོད་སྣང་ཕྲན་ཙམ་མེད

༄༅ གྱེར་འདོན།

སེ་ལན འཚོ་བ་ནི་གྱོན་གོས་འཁྱགས་པ་ཞིག་སྟེ

མ་གོན་ན་འཁྱགས་ལ་གོན་ན་ལྷག་ཏུ་འཁྱགས

སེ་ལན ཁྱོད་རང་ཕྱིར་མི་ཡོང་ཚེ

ངའང་རང་ཡུལ་ནས་མི་འདུག

སེ་ལན ཁྱོད་ཀྱིས་ང་ལ་འབྲི་ཤོག་སྟོང་པ་ཁ་ཤས་བསྐུར་དོན་ཅི་ཡིན

སེ་ལན རྩྭ་ཐང་གི་དབྱར་ཁ་ཧ་ཅང་ཐུང་དོན

ཁྱོད་རང་མ་ཡོད་པས་ཡིན་ནམ

སེ་ལན ཆར་ནག་འབབ་ལ་ཉེ

ཁེར་རྐྱང་དང་ལྷིང་འཇགས་ལ་སྐྲག་པའི་ཁྱོད་རང་ས་ཆ་གང་ན་ཡོད

སེ་ལན ནམ་ཚོད་ལོག་ཡོང་ངམ

རྫོང་མཁར་འདི་རུ་ཁྱོད་རང་མེད་ཚེ

དྲོད་སྣང་ཕྲན་ཙམ་མེད

སེ་ལན དབྱར་ཁ་འགྲོ་ལ་ཉེ

སྤྲིན་དཀར་དང་རྩྭ་ཐང་ལ་དགའ་བའི་ཁྱོད་རང་ས་ཆ་གང་ན་ཡོད

སེ་ལན ནམ་ཚོད་ལོག་ཡོང་ངམ

འཇིག་རྟེན་འདི་རུ་ཁྱོད་རང་མེད་ཚེ

སྤྲོ་སྣང་ཅི་ཡང་མེད

སེ་ལན ང་རང་རྒས་ལ་ཉེ

ཞིབ་ཚགས་དང་གཟབ་ནན་ལ་དགའ་བའི་ཁྱོད་རང

ས་ཆ་གང་ན་ཡོད

སེ་ལན ནམ་ཚོད་ལོག་ཡོང་ངམ

མི་ཚེ་འདི་རུ་ཁྱོད་རང་མེད་ཚེ བྲོ་བ་གཞན་ཡང་མེད

༄༅ གྱེར་འདོན།

སེ་ལན དགུན་ཁ་སླེབས་སོང

ཁ་བ་འདི་ཞུ་རྗེས ཁྱོད་རང་ཐོན་སྲིད་དམ编辑于2021/05/15更新

同歌手歌词