天门

群星

作词 : 旺堆

作曲 : 智王桑珠

ཐང་ལྷའི་སྒོ་ཆེན།

ཚིག དབང་དུས།

གདངས། གྲུ་བ་བསམ་གྲུབ།

གཞས་པ། བཀྲ་ཤིས་ཉི་མ།

ལྷག་བསམ་དཀར་པོ་བཅངས་ཏེ།

ཁྱེད་ཀྱི་སྒོ་འགྲམ་ལ་སླེབས་དུས།

གནས་མཆོག་སྒོ་མོའི་དཀྱིལ་ནས།

ཐང་ལྷའི་རྩེ་མོ་མཇལ་བྱུང་།

བྱམས་བརྩེའི་བཞིན་གྱི་འཛུམ་མདངས།

ཁྲི་གདུགས་ཉི་མ་འདྲ་བ།

འོད་ཟེར་བྱིན་རླབས་དྲན་གྱིས།

བུ་ཆུང་སེམས་པ་དྲོ་བྱུང་།

འོད་ཟེར་ང་ལ་འཕྲོད་ནས།

བུ་ཆུང་སེམས་པ་དྲོ་བྱུང་།

ཡཱ ཐང་ལྷའི་སྒོ་ཆེན།

ཡཱ ཐང་ལྷའི་སྒོ་ཆེན།

བདེ་བའི་ཞིང་གི་སྒོ་ཆེན།

ལུས་ཀྱིས་དཀའ་བ་སྤྱད་པས།

སེམས་ལ་འབྲས་བུ་སྨིན་བྱུང་།

གནས་མཆོག་སྒོ་མོ་མཇལ་ནས།

དག་པའི་འགྲོ་ལམ་བཪྙེད་བྱུང་།

འདི་ཕྱི་གཉིས་ཀྱི་བདེ་བའི།

ལམ་སྟོན་ཁྱེད་ཀྱིས་གནང་བས།

མི་ཚེའི་ལམ་གྱི་སྟེང་ལ།

བུ་ཆུང་སེམས་པ་སྐྱིད་བྱུང་།

མི་ཚེའི་ལམ་གྱི་སྟེང་ལ།

བུ་ཆུང་སེམས་པ་སྐྱིད་བྱུང་།

ཡཱ ཐང་ལྷའི་སྒོ་ཆེན།

ཡཱ ཐང་ལྷའི་སྒོ་ཆེན།

བདེ་བའི་ཞིང་གི་སྒོ་ཆེན།

འོད་ཟེར་ང་ལ་འཕྲོད་ནས།

བུ་ཆུང་སེམས་པ་དྲོ་བྱུང་།

ཡཱ ཐང་ལྷའི་སྒོ་ཆེན།

ཡཱ ཐང་ལྷའི་སྒོ་ཆེན།

བདེ་བའི་ཞིང་གི་སྒོ་ཆེན།

同歌手歌词