阳光牧童

索秀次仁尼玛

作词 : 索热桑

作曲 : 平措达杰

སྟོད་རྒྱ་གར་ནས་མ་ཡོང་།

སྨད་རྒྱ་ནག་ནས་མ་ཡོང་།

ལུང་ཁུག་ཆུང་ཆུང་ཞིག་ནས།

ཡོང་བའི་འབྲོག་ཕྲུག་ཞིག་ཡིན།

ཁོག་ལ་ཤེས་རྒྱ་ཆུང་ཡང་།

སེམས་ལ་དྲི་མ་འགོས་མེད།

རང་གཤིས་གཙང་མ་བསྡད་ཡོད།

མི་ཚོགས་དེ། ཚང་ཁ་ཆེ་ས།

མི་སེམས་དེ། དྲན་རྒྱུ་མང་ས།

ཁྲ་ཁྲ་ཡི་འཇིག་རྟེན་འདི་ན།

བློ་རྩེ་ཞིག་གཏད་ས་མི་འདུག

མཛེས་འོད་ལེ་གདའ་ཚད་བཟོས་བཞག་རེད།

ལབ་བསྡད་ལེ་གདའ་ཚད་བསྲེས་སྐད་རེད།

དོན་ངོ་མ་དེ་ཅི་ཡོད་ཤེས་ཤེས་རེད།

དོན་ངོ་མ་དེ་ཅི་ཡོད་ཤེས་ཤེས་རེད།

གཅིག་གྱིས། གཉིས་གྱིས།

འབྲོག་ཕྲུག་འུར་རྡོ་དེ་ཨི་རེས་བསྐོར།

གསུམ་གྱིས། བཞི་གྱིས། ཐ་ལ་དྲུག་འགྱུར་དེ་ཨི་རས་བཀུག

གཟུགས་མེད་ཚིག་གི་མདའ་མོ་དེ་སུ་ལ་ཕོག་ན་དེ་ལ་ཡིན།

ལུས་ཁྲ་ཁྲ་ཡིས་བརྒྱན་མེད།

གདོང་ཚོན་རྩི་ཡིས་བྱུགས་མེད།

སྐྱེ་དུས་ཕ་མ་གཉིས་ཀྱིས།

གནང་བའི་ཁ་དོག་དེ་ཡིན།

མིག་ལ་འཚེར་པོ་མེད་ཀྱང་།

དོན་གྱི་ཚོས་གཞི་བོར་མེད།

རང་གཤིས་གཙང་མ་བསྡད་ཡོད།

ཡ། འབྲོག་ཕྲུག་ཉི་མ་རང་ཤར་དེ་ཚོ་ལ།

སེམས་ཀྱི་བསྟོད་གླུ་ཞིག་ལེན་ཡོང་།

མི་ཚོགས་དེ། ཚང་ཁ་ཆེ་ས།

མི་སེམས་དེ། དྲན་རྒྱུ་མང་ས།

ཁྲ་ཁྲ་ཡི་འཇིག་རྟེན་འདི་ན།

བློ་རྩེ་ཞིག་གཏད་ས་མི་འདུག

མཛེས་འོད་ལེ་གདའ་ཚད་བཟོས་བཞག་རེད།

ལབ་བསྡད་ལེ་གདའ་ཚད་བསྲེས་སྐད་རེད།

དོན་ངོ་མ་དེ་ཅི་ཡོད་ཤེས་ཤེས་རེད།

དོན་ངོ་མ་དེ་ཅི་ཡོད་ཤེས་ཤེས་རེད།

གཅིག་གྱིས། གཉིས་གྱིས། འབྲོག་ཕྲུག་འུར་རྡོ་དེ་ཨི་རེས་བསྐོར།

གསུམ་གྱིས། བཞི་གྱིས། ཐ་ལ་དྲུག་འགྱུར་དེ་ཨི་རས་བཀུག

གཟུགས་མེད་ཚིག་གི་མདའ་མོ་དེ་སུ་ལ་ཕོག་ན་དེ་ལ་ཡིན།

ཡར་ངོ་བསྟོད་རང་མི་ཤེས།

མར་མཐོང་ཆུང་སོ་མི་ཤེས།

རང་ཚོད་རང་ལ་དཔག་ནས།

འཚོ་བའི་བུ་ཆུང་ཞིག་ཡིན།

ཁྲོམ་ལ་བྲིམ་པོ་མེད་ཀྱང་།

ནང་གི་རང་ཚུགས་ཤོར་མེད།

རང་གཤིས་གཙང་མ་བསྡད་ཡོད།

ཁྲོམ་ལ་བྲིམ་པོ་མེད་ཀྱང་།

ནང་གི་རང་ཚུགས་ཤོར་མེད།

རང་གཤིས་གཙང་མ་བསྡད་ཡོད།

ཨ་རེ་ད་་་་་་ལོ་་་་་་ཧོ་་་་་་འོ་་་་་་ཧོ།

ང་འབྲོག་ཕྲུག་ཉི་མ་རང་ཤར་ཡིན་ནོ།

同歌手歌词