您是我的唯一

索秀次仁尼玛

作词 : 嘎土加

作曲 : 嘎土加

མི་ལོ་སྟོང་ཕྲག་དུ་མའི་ཡར་ངོས་སུ།།

བོད་ཡུལ་རྒྱལ་གཤེན་མཉམ་ཆགས་ཐོག་མའི་དུས།།

གནམ་གྱི་ཁྲི་བདུན་ནང་ཚན་ཐོག་མའི་རྗེ།།

བོད་རྒྱལ་གཉའ་ཁྲི་བཙན་པོ་ཁྱེད་མིན་སུ།།

འཇིག་རྟེན་ཚངས་རྒྱུང་ཉེར་ལྔའི་དབུས་མ་ཡི།།

བསོད་ལྡན་དལ་འབྱོར་ཐོབ་པའི་གནས་གཙང་དངོས།

བསླུ་མེད་རྒྱལ་བསྟན་རྣམ་གསུམ་འཛོམས་པའི་གནས།།

ལྷོ་ཕྱོགས་འཛམ་གླིང་ཞིང་མཆོག་ཁྱེད་མིན་སུ།།

བསླུ་མེད་རྒྱལ་བསྟན་རྣམ་གསུམ་འཛོམས་པའི་གནས།།

ལྷོ་ཕྱོགས་འཛམ་གླིང་ཞིང་མཆོག་ཁྱེད་མིན་སུ།

འཛམ་གླིང་གྲུབ་མཐའ་རྣམས་ཀྱི་ཡོངས་རྩེ་རུ།།

ལྟ་བ་བཀའ་རྟགས་ཕྱག་རྒྱ་མདོ་བཞི་ཡིས།།

དགེ་སྡིག་རྒྱུ་འབྲས་མ་ནོར་དབྱེ་འབྱེད་མཁན།།

ནང་པའི་གྲུབ་མཐའ་ཆེན་མོ་ཁྱེད་མིན་སུ།།

མཐོ་རིས་དང་པོ་རྐང་གཉིས་མི་ཡི་ནང་།།

འདི་ཕྱི་གཉིས་ཀའི་དོན་ཆེན་མ་ནོར་བའི།།

སེམས་པ་བྱམས་དང་སྙིང་རྗེའི་བདག་ཉིད་ཅན།།

ཆོས་ལྡན་དབུ་ནག་བོད་མི་ཁྱེད་མིན་སུ།།

སེམས་པ་བྱམས་དང་སྙིང་རྗེའི་བདག་ཉིད་ཅན།།

ཆོས་ལྡན་དབུ་ནག་བོད་མི་ཁྱེད་མིན་སུ།

ད་ལྟའི་ཉེར་གཅིག་དུས་རབས་འདི་ཡི་ཁྲོད།།

རྒྱལ་བསྟན་རིས་མེད་འགྲོ་ལ་སྦྱིན་མཁས་པ།།

ལོ་པཎ་མཆོག་སྤྲུལ་སྐྱེས་ཆེན་ཁྱེད་རྣམས་ལ།།

མ་བཅོས་དད་པའི་རང་སྒྲ་གླུ་ཡིས་མཆོད།།

ལོ་པཎ་མཆོག་སྤྲུལ་སྐྱེས་ཆེན་ཁྱེད་རྣམས་ལ།།

མ་བཅོས་དད་པའི་རང་སྒྲ་གླུ་ཡིས་མཆོད།།

企划:音尚律动

发行:爱原创

同歌手歌词