故乡

仁多尔

作词 : 洛藏知华

作曲 : 仁多尔

ཕ་ས་ལགས

བློ་བཟང་གྲགས་པ།

ཞོགས་པའི་ཉི་ཟེར་རྩི་འགོར་ཕོག་སོང་སྤང་ན་མུ་ཏིག་འོད་དུ་འཚེར་ཡོད

ས་སྲོད་སྤྲིན་པ་མཁའ་རུ་དམར་པས་ང་ཡི་སེམས་པ་མཚོན་ཐབས་བྱས་ཡོད

ཨ་མའི་བཞོ་དབྱངས འབྲི་མོའི་ངུར་སྒྲ

ལུག་ཁྱུའི་འབའ་སྐད སྒོ་ཁྱིའི་ཟུག་སྐད

ང་ཡི་སེམས་ཀྱིས་གཉོར་བའི་དྲན་ཤིང་གི་བརྐོས་རིས་ལྗང་ཁུ་ཡིན

ཡར་བལྟས་ཀྱི་རྫ་རིའི་མགུལ་ན་འབྲོང་གི་གཤར་ལམ་ད་རུང་སིམ་མེད

ཕར་བལྟས་ཀྱི་ལྗོན་པའི་ཚུལ་ནས་ང་ཡི་བྱ་སྐད་ད་རུང་འཇགས་མེད

མར་བལྟས་ཀྱི་ཆུ་མོའི་གཞུང་ན་གངས་ཀྱི་དྭངས་མ་ད་རུང་ཡལ་མེད

ཕ་ས གནའ་བོའི་ལོ་རྒྱུས་ཀྱི་ཤོག་ཐང་ངོས་ན་གསེར་འོད་འཁྱུད་པས

དུས་ཀྱི་རྨི་ལམ་གྱི་འཇིགས་པའི་ཁྲོད་ན་སྟོབས་ཀྱིས་འགྱིངས་ཡོད

ཕ་ས་ལགས ཁྱེད

སུ་ཞིག་གིས་ལོ་རྒྱུས་ཀྱི་གསེབ་ནས་བཞེངས་བའི་གསེར་ཐང་སྣུམ་པོ་ཡིན

སུ་ཞིག་གི་སྙན་ངག་གི་བརྗོད་བྱར་གྱུར་བའི་ལོ་ཟླའི་མཆོད་པ་ཡིན

སུ་ཞིག་གིས་དྲན་གདུང་གི་གཏིང་དུ་རུམ་པའི་བུམ་ནང་གི་མེ་ཏོག་སྔོན་པོ་ཡིན

ང་ཡི་ཕ་ས སྤྲིན་དཀར་པོ་ཞིག་གི་ཡང་སྟེང་ན

དགུང་ཉི་མ་སེར་པོ་ཞིག་གི་ཐུ་འོག་ན

བྱིས་པ་ཞིག་གི་ལྷ་སྒྲུང་ལ་སྦྱར་བའི་རྩེད་རྭ་གྲུ་བཞི་ཡིན

འབྲོག་མོ་ཞིག་གི་ཟོ་ཁ་ན་་ལྟེམས་པའི་གསེར་སྐྱེམས་དཀར་པོ་ཡིན

གངས་དཀར་པོ ལྷ་ཡི་ཀ་བ་དཀར་པོ་ཡིན

སྤང་སྔོན་མོ ལྷ་ཡི་གོས་ཆེན་གཡུ་ལོ་ཡིན

མཚོ་ཆེན་པོ ལྷ་ཡི་སྤྱན་ཆབ་སྔོན་མོ་ཡིན

ཕ་ས ང་ཡི་ཕ་ཡུལ

དྲིན་ཕ་ལོའི་དུང་གི་རུས་པ་ཡིན

དྲིན་མ་ལོའི་གསེར་གྱི་བྲང་ཁོག་ཡིན

ལྷ་ཤིང་གཡུ་ལོ་ལྡེམ་ལྡེམ་ལྡེམ

ཆུ་བོ་གཙང་མོ་ཤག་ཤག་ཤག

མེ་ཏོག་འཛུམ་ཆུང་བཞད་བཞད་བཞད

གཡུ་སྦྲང་གཤོག་སྒྲ་མཆེད་མཆེད་མཆེད

ངས སེམས་པའི་གཡོས་བསྐོར་རྒྱབ་རྒྱབ་རྒྱབ

སེམས་པའི་གཡོན་བསྐོར་རྒྱབ་རྒྱབ་རྒྱབ

བསྟོད་པའི་གཞས་ཤིག་བླངས་བླངས་བླངས

ལྡེམ་པོའི་བྲོ་ཞིག་འཁྲབ་འཁྲབ་འཁྲབ

ཕ་ཡུལ་ལགས

མེས་པོ་གཡུ་རལ་ཅན་ཚོའི་ཁྲག་གིས་བྲིས་པའི་ཐམ་ཀ་དམར་པོ་ཡིན

ན་གཞོན་གློ་སྙིང་ཅན་ཚོའི་སྤོབས་པས་སྦར་བའི་མེ་ལྕེ་དམར་པོ་ཡིན

བྱིས་པ་བློ་དཀར་ཅན་ཚོས་ཐང་ལ་བཏང་བའི་རྨི་ལམ་དཀར་པོ་ཡིན

སྨན་ཤར་གཤིས་བཟང་ཤིག་གི་མིག་གིས་འཚོས་བའི་ཟླ་བ་དཀར་པོ་ཡིན

ཁྱེད་ནི་ལྷད་མེད་ཀྱི་གཙང་བོར་འདྲེས་ནས་བཞུར་རྒྱུན་ཆད་མ་མྱོང

ཁྱོད་ནི་བརྟན་བརླིང་གི་རི་བོར་འགྲོགས་ནས་གཡོ་བ་བྱུང་མ་མྱོང

ང་ཡི་སྦྲ་ནག ང་ཡི་ལུག་ཁྱུ

ང་ཡི་རླུང་རྟ ང་ཡི་ཚེ་སྲོག

ཁྱེད་ཀྱི་སེམས་གཏིང་་ན་མཚམས་རེར་འཛུམ་ཞིང་སྐབས་རེར་ངུ་སྙིང་ཡོད

ཁྱེད་ཀྱི་དྲོད་ཁོག་ན་སྐབས་རེར་གཉིད་ཞིང་ལན་རེར་སད་ཀྱིན་ཡོད

ཆོས་ཡི་གེ་དྲུག་མའི་འདོན་རྟ་ལ་འཐིམས་པའི

གཞས་སྙན་མོ་ཞིག་གི་དབྱངས་རྟ་རུ་སིམ་པའི

ཁྱེད་ཀྱིས་དཔའ་མཛངས་ཅན་གྱི་མི་རིགས་ཤིག་གི་སྒལ་གཞུང་སྲུང་ནས་ཡོད

ཁྱེད་ཀྱིས་ནག་ནོག་མེད་པའི་ལོ་རྒྱུས་ཤིག་གི་གོ་རུམ་ཉར་ནས་ཡོད

ཁྱེང་ཀྱིས་ས་ཆེན་ཞིག་གི་ཀི་སོ་ལྷ་རྒྱལ་མཁའ་རུ་བགྲེངས་བཞིན་ཡོད

ང་ཡི་ཕ་ས ང་ཡི་གཞི་རྟེན་ལགས

同歌手歌词