小情歌

仁多尔

作词 : 花旦泽毛

作曲 : 仁多尔

རྩེ་དྲུག་འདབས་ཀྱི་གཞས་ཆུང་།

ཚིག དཔལ་ལྡན་རྩེ་མོ།

དབྱངས རིག་རྡོར།

ལེན་མཁན རིག་རྡོར།

རྩེ་དྲུག་གི་འདབས་ཀྱི་གླུ་གཞས་སྙན་མོ།།

ཕ་ཡུལ་དགུ་ཆུའི་འགྲམ་ནས་ཐོས།

མནའ་ཚིག་ལ་རྒྱུས་པའི་འགྱུར་མེད་དམ་ཚིག་དེ་

ང་ཡི་སྙིང་གི ་སྙིང་གི་གཏིང་ལ་འཁྱིལ་བྱུང་།

དྲན་གདུང་གི་མནར་དུས་མིག་ཆུ་མ་གཏོང་།།

རྨི་ལམ་གྱི་ཞིང་ནས་ཡང་ཡང་འཛོམས་ཆོག།

སྡེ་ཆེན་པོ་མྱི་ཁའི་གཡབ་མོ་རྒོད་ཀྱང་།།

འུ་གཉིས་གཅིག་ལ་བརྒྱུས་ཡོད།

ཚེ་གཅིག་གི་ཕྲེང་ཐག་གཅིག་ལ་བརྒྱུས་ཡོད།

འུ་གཉིས་གཅིག་ལ་འཐིམས་ཡོད།

ཁྱོ་ཤུག་གི་གསོལ་བ་ལྷ་ལ་བཏབ་ཡོད།

སྤྱི་ཚོགས་འདིའི

བཤད་ཡམས་ལྷ་འདྲེའི་བྱད་རྟགས། འུ་གཉིས་གི་ཁྲེལ་གཞུང་རྡོ་རྗེ་བྲག་རི། སེམས་ཀྱི་ཁྲེལ་གཞུང་གངས་རིར་གཏད་པས།。 གངས་རི་ཡི་་རྩེ་མོ་རུ་འཇའ་མཚོན་ཤར་བྱུང་།

མ་འོངས་པར།

འུ་གཉིས་ལྷད་མེད་ཀྱི་མ་འོངས་པའི་འཆར་གཞི་དེ་ཧ་ཅང་སྟབས་བདེ་བའི་ཁང་ཁྱིམ་ཆུང་ཆུང་ཞིག་དང་།ཕ་མ་དང་བུ་ཕྲུག་གི་དགོད་སྒྲ་སྙན་མོ་ཁོ་ན་ཡིན དེ་ནི་ཚེ་གཅིག་ནོམས་པ་ཡིན་།དམིགས་འབེན་ཡིན། དྲིན་ཆེན་ལ་དྲིན་གཟོ་ཡིན། བརྩེ་བའི་དར་ཤིང་ཡིན་ཞེས་སེམས་ཀྱི་གཏིང་གི་གཏམ་དེའི་འཆར་ཟིན་་སྐྱིད་པོ། མྱུར་བར་མངོན་དུ་འགྱུར་ཡོང་།

བཻདཌཀི་ཞེས་འབོད་པའི་གཅེས་མིང་ཡག་པོ།

གཡུ་ཆུང་དྲུག་དཀར་ཞིག་གི་ལྷག་ཡིན།

ལྷད་མེད་ཀྱི་འཛུམ་ཆུང་དཀར་པོ་

ནས་ཆང་བསིལ་མའི་ལྷག་རེད།

ལས་ཀྱིས་འཕྲད་པའི་གཞུང་བཟང་གི་བུ་མོར། ཚེ་འདུན་མ་གཏད་པ་འཕྱུགས་མེད།

བུ་ངའི་ཕྲ་ཆུང་མིག་ལ་ལྷུང་ཞིང་།།

ཡ་ཆུང་སྙིང་གི་ཟབ་སར་ཟུག་པའི།

དབུ་སྐྲ་ལྕང་ལོས་བསིལ་བ་སྟེར་ཞིང་།།

འཇིག་རྟེན་སྣང་བས་སྤྲིད་པར་བྱེད་པའི།།

གཞུང་བཟང་སྨན་ཤར་བརྩེ་འཛུམ་ཅན་མ།།

བུ་མོའི་ཁྲ་ཆུང་མིག་ཟུང

སྙིང་གི་གཏིང་ནས་འཛུམ་བྱུང

ཞེ་མཐུན་ལགས མཉམ་གནས་སྐལ་བ་དེ་ཕྲ་ཡང

གཞས་འདི་ཁྱོད་ཕྱོགས་ལ་བླངས་ན

ཡིད་སེམས་སྨེང་བ་འདི་དྭངས་གིས

དབྱངས་རྟ་སྙན་མོ་ཞིག་ས་ལ་ལྷུང་བའི་དུས་དེ་ནས་བཟུང་།

མི་ཡི་ཡིད་འཕྲོག་གི་གཏམ་རྒྱུད་བྱུང་སོང་།།

མཛའ་གླུ་སྙན་མོ་དེས་ཡིད་སེམས་སྦྲིད་བྱུང་།།

ཨོ

ཆུང་ནས་འདྲིས་པའི་བུ་མོ

ལས་དང་ལམ་ནས་འཕྲད་པའི་བུ་མོ

དགུ་ཆུ་སྔོན་མོ་ཡི་་གདངས་དབྱངས་བར་ནས།།

ཞེ་རྩ་གཉོམ་པོ་འདིའི་རྔམ་པ་ཤོར་སོང་།།

ལས་འདིའི་སྣེ་མོ་ཡི་ཐོགས་ས་བཙལ་ནས།།

ནང་སེམས་ཞེ་རྒྱུད་ཀྱི་མདུད་པ་གྲོལ་སོང

ཆུང་ནས་འདྲིས་པའི་བུ་མོ།

ལས་དང་ལམ་ནས་འཕྲད་པའི་བུ་མོ

同歌手歌词