父母

瓜尔阿索

作词 : ཀ་སྐྱེས་རང་གྲོལ།

作曲 : རྡེལ་མདའ་རོལ་ཚོགས།

ཕ་མ།

གཞས་ཚིག ཀ་སྐྱེས་རང་གྲོལ།

དབྱངས། རྡེལ་མདའ་རོལ་ཚོགས།

གཞས་པ།

རོལ་མོ། རྡེལ་མདའ་རོལ་ཚོགས།

1 སེམས་ནང་གི་བུ་དེའི་ཆེད་ལ།

བྱམས་བརྩེ་དཀར་པོའི་དམུ་ཐག་འཐེན་པ་དེ་ཡང་ཐེངས་གཅིག་མིན།

ང་ཡི་འཇིག་རྟེན་ཁྲོད་ཀྱི་ཉི་ཟླ་ཟུང་གཅིག

ད་ནས་ང་ཡིས་ཁྱེད་ཀྱི་དྲིན་ལ་འདང་གསུམ་ཕོག་ཡོད།

2 ཕ་མ་ལགས དགོངས་པ་མ་ཚོམ།

ལས་ཀྱི་འགྱོད་གདུང་རིང་མོས་ཁྱེད་ལ་དགོངས་དག་ཞུ་བཞིན་ཡོད།

ང་ཡི་སེམས་ཀྱི་དྲོད་ཁོལ་ཕ་དང་མ་ལོ།

ཁྱེད་ཀྱི་བརྩེ་བའི་རིན་ཐང་སེམས་ཀྱི་གཏིང་ན་རྙེད་ཡོད།

3 ང་ཡི་མུན་པའི་ཀློང་ན་འོད་སྣང་གི་ཁྱེད།

ཤེས་རིག་སྒྲོན་མེ་ཡང་ཡང་སྦར་བ་དེའང་ཁྱེད་ཡིན།

དེ་ལྟར་བརྩེ་བའི་འཛུམ་ལ་བཤོལ་བའི་རང་སྐྱོན།

བསམ་ཞིང་བསམ་ནས་ད་ལྟ་མགོ་བོ་ཁྱེད་ལ་སྨད་ཡོད།

4 ཕ་མའི་ལོ་ན་འཁྱོལ་དུས།རེ་བ་བུ་ལ་ཞོག་དང་།

སྐྱིད་འཚོ་བའི་འཇིག་རྟེན་བློ་དང་རིག་པས་སྟེར།

རེ་བའི་བུ་དེ་ཡོད་པས།ཕ་མའི་ཡིད་སེམས་མ་སྐྱོ།

དུས་ནམ་ཡང་ངའི་སེམས་ཀྱི་དྲིན་ཅན་ཏེ།

...... ཕ་མ་ལགས།

同歌手歌词