ཨ་རོགས་ཡེ།

瓜尔阿索

作词 : མགར་ཨ་བསོད

作曲 : མགར་ཨ་བསོད

ཨ་རོགས་ཡེ།

ལ་དང་ལ་མོ་རྒྱབ་ནས།

ཆུ་དང་གཙང་བོར་བརྒལ་ན།

ཨ་རོགས་ཡེ།

ལམ་མགོ་སྨུག་པས་བཟུང་ནས།

ལམ་གཞུང་མུན་པས་གཡོག་ན།

ཡི་ཐང་མ་ཆད།

ང་ཁྱེད་ཀྱི་གམ་ན་ཡོད།

ཚེ་སྔོན་ལས་ཀྱི་ཉི་འོད།

སྤང་ལ་འཕྲོས་རྒྱུ་བྱུང་ན།

སེམས་ཀྱི་གཞིས་ཀར།

ནམ་ཞིག་ལ་ཐོན་ངེས་རེད།

ཁྱེད་རང་གང་ལ་འགྲོ་དགོས།

ས་ཁུ་མ།

ཁྱེད་རང་གང་ནས་འདུག་དགོས།

ས་གང་ལ་ཆས་ཀྱང་།

ང་རང་གང་ལ་འགྲོ་དགོས།

བསམ་བསམ་ན།

སེམས་ལ་གསལ་འོང་།

ཨ་རོགས་ཡེ།

ལ་དང་ལ་མོ་རྒྱབ་ནས།

ཆུ་དང་གཙང་བོར་བརྒལ་ན།

ཨ་རོགས་ཡེ།

ལམ་མགོ་སྨུག་པས་གཡོག་ནས།

ལམ་གཞུང་མུན་པས་བཟུང་ན།

ཡི་ཐང་མ་ཆད།

ང་ཁྱེད་ཀྱི་གམ་ན་ཡོད།

ཚེ་སྔོན་ལས་ཀྱི་ཉི་འོད།

སྤང་ལ་འཕྲོས་རྒྱུ་བྱུང་ན།

བརྩེ་བའི་རྨི་ལམ།

ཆར་རྗེས་ཀྱི་ཤ་མོ་འདྲ།

ཁྱེད་རང་གང་ལ་འགྲོ་དགོས།

ས་ཁུ་མ།

ཁྱེད་རང་གང་ནས་འདུག་དགོས།

ས་གང་ལ་ཆས་ཀྱང་།

ང་རང་གང་ལ་འགྲོ་དགོས།

བསམ་བསམ་ན།

སེམས་ལ་གསལ་འོང་།

གང་ལ་མ་འདྲི་རོགས།

སུ་ལ་མི་འདྲི་རོགས།

འུ་གཉིས་ཀྱི་སེམས།

ཆུ་ཉྭ་མོ་གཉིས་ཀྱི་དཔེར་འཇོག་ཡིན།

གང་ལ་མ་འདྲི་རོགས།

སུ་ལ་མི་འདྲི་རོགས།

འུ་གཉིས་ཀྱི་དམ།

རི་མཐོན་པོ་ཞིག་གི་དོ་ཡ་ཡིན།

འུ་གཉིས་ཀྱི་དམ།

རི་མཐོན་པོ་ཞིག་གི་དོ་ཡ་ཡིན།

འུ་གཉིས་ཀྱི་དམ།

རི་མཐོན་པོ་ཞིག་གི་དོ་ཡ་ཡིན།

同歌手歌词