故乡雅砻

扎囊旦巴次仁

༄༅།། ཕ་ཡུལ་ཡར་ཀླུང་།

ཚིག མཁས་གྲུབ་ལགས།

གདངས། གྲ་ནང་བསྟན་པ་ཚེ་རིང་།

གཞས་པ། གྲ་ནང་བསྟན་པ་ཚེ་རིང་།

* * * * * * * *

འཛམ་གླིང་ཡང་རྩེའི་རྒྱ་ཕིབས།།

བསིལ་ལྗོངས་ཆོས་ལྡན་ཞིང་ཁམས།།

གངས་རི་ཤེལ་གྱི་མཆོད་རྟེན།།

གཙང་ཆུ་གཡུ་འབྲུག་སྔོན་མོ།།

སྐྱིད་པའི་ཕ་ཡུལ་ཡར་ཀླུང་།།

གངས་ཅན་མི་རིགས་འབྱུང་གནས།།

ཕུལ་བྱུང་རིག་གནས་དར་ཡུལ།།

འཛད་མེད་ལོ་རྒྱུས་ཀྱི་རྒྱ་མཚོ།།

ཨ་་་་་་་་་་་ཕ་ཡུལ། ཡར་ཀླུང་།།

གངས་ཅན་མི་རིགས་འབྱུང་གནས།།

ཕུལ་བྱུང་རིག་གནས་དར་ཡུལ།།

འཛད་མེད་ལོ་རྒྱུས་ཀྱི་རྒྱ་མཚོ།།

* * * * * * * *

ཁྱེད་ཀྱིས་བོད་གཞས་གསན་པར་ཐུགས་རྗེ་ཆེ་ཞུ།

* * * * * * * *

ས་སྟེང་ངོ་མཚར་གནས་མཆོག།

ས་འོག་ནོར་བུའི་གཏེར་མཛོད།།

མཁས་དབང་སྐར་ཚོགས་བཀྲ་བ།།

མཛེས་ལྗོངས་ལྷ་ཡུལ་དགའ་ཚལ།།

ཕྱི་གླིང་ཡུལ་གྱི་སྐུ་མགྲོན།།

ཡར་ཀླུང་གཞུང་དུ་ཕེབས་དང་།།

ལྷན་རྒྱས་ཐུགས་ཡིད་ཚིམས་པའི།།

ཕེབས་བསུ་ཕེབས་སྐྱེལ་ཞུས་ཆོག

ཨ་་་་་་་་་་ཕྱོགས་བཞིའི། སྐུ་མགྲོན།།

ཡར་ཀླུང་གཞུང་དུ་ཕེབས་དང་།།

ལྷན་རྒྱས་ཐུགས་ཡིད་ཚིམས་པའི།།

ཕེབས་བསུ་ཕེབས་སྐྱེལ་ཞུས་ཆོག།

ཨ་་་་་་་་་་ཕྱོགས་བཞིའི། སྐུ་མགྲོན།།

ཡར་ཀླུང་གཞུང་དུ་ཕེབས་དང་།།

ལྷན་རྒྱས་ཐུགས་ཡིད་ཚིམས་པའི།།

ཕེབས་བསུ་ཕེབས་སྐྱེལ་ཞུས་ཆོག།

ཕེབས་བསུ་ཕེབས་སྐྱེལ་ཞུས་ཆོག།

གཞས་ཚིག་མཁོ་འདོན། གྲ་ནང་བསྟན་པ་ཚེ་རིང་།

同歌手歌词