天籁酒歌

扎囊旦巴次仁

༄༅།། ཆང་གླུ་རྣ་བའི་བདུད་བརྩི།

ཚིག་གདངས། གྲ་ནང་བསྟན་པ་ཚེ་རིང་།

ལེན་མཁན། གྲ་ནང་བསྟན་པ་ཚེ་རིང་། དཔལ་འཛོམས།

* * * * * * * *

གསུངས་དང་གཡས་བསྐོར་ལགས།

ང་ཚོ་འདི་ལ་འཛོམས་འཛོམས།

གཏན་དུ་འཛོམས་རྒྱུ་བྱུང་ན།

གཏན་དུ་འཛོམས་པའི་མི་ལ།

སྙུང་གཞི་གོད་ཆགས་མ་གཏོང་ལ་ཞུས་པའི།

གསུངས་དང་གཡས་བསྐོར་ལགས།

གཏན་དུ་འཛོམས་པའི་མི་ལ།

སྙུང་གཞི་གོད་ཆགས་མ་གཏོང་ལ་ཞུས་པའི།

གསུངས་དང་གཡས་བསྐོར་ལགས།

གསུངས་དང་གཡོན་བསྐོར་ལགས།

གསེར་བྱ་དཔུང་མདངས་ཤིག་ཤིག

ང་ཚོ་དཔུང་མདངས་རུབ་རུབ།

དམ་ཚིག་ཉམས་ཆགས་མེད་ན།

འཛོམས་ནས་བྲལ་དགོས་མ་གཏོང་ཞུས་པའི།

གསུངས་དང་གཡོན་བསྐོར་ལགས།

དམ་ཚིག་ཉམས་ཆགས་མེད་ན།

འཛོམས་ནས་བྲལ་དགོས་མ་གཏོང་ཞུས་པའི།

གསུངས་དང་གཡོན་བསྐོར་ལགས།

* * * * * * * *

ཁྱེད་ཀྱིས་བོད་གཞས་གསན་པར་ཐུགས་རྗེ་ཆེ་ཞུ།

* * * * * * * *

གསུངས་དང་གཡས་བསྐོར་ལགས།

འཛོམས་པའི་མི་ལས་དགའ་བ།

བཙོས་པའི་ཆང་ལས་ཞིམ་པ།

དགའ་པོ་མི་འཛོམས་ཆང་ཞིམ།

གནང་སོ་ཆོག་པ་ཡོད་དོ་ལ་ཞུས་པའི།

གསུངས་དང་གཡས་བསྐོར་ལགས།

དགའ་པོ་མི་འཛོམས་ཆང་ཞིམ།

གནང་སོ་ཆོག་པ་ཡོད་དོ་ལ་ཞུས་པའི།

གསུངས་དང་གཡས་བསྐོར་ལགས།

གསུངས་དང་གཡོན་བསྐོར་ལགས།

དེ་རིང་འཛོམས་པ་ཡག་བྱུང་།

གསུམ་སྒྲོན་མཉེས་དྭགས་གནང་དང་།

དུས་སང་སླར་ཡང་འཛོམས་པའི།

སྨོན་ལམ་བརྒྱབ་ནས་ལོག་འགྲོ་ཞུས་པའི།

གསུངས་དང་གཡོན་བསྐོར་ལགས།

དུས་སང་སླར་ཡང་འཛོམས་པའི།

སྨོན་ལམ་བརྒྱབ་ནས་ལོག་འགྲོ་ཞུས་པའི།

གསུངས་དང་གཡོན་བསྐོར་ལགས།

དུས་སང་སླར་ཡང་འཛོམས་པའི།

སྨོན་ལམ་བརྒྱབ་ནས་ལོག་འགྲོ་ཞུས་པའི།

གསུངས་དང་གཡོན་བསྐོར་ལགས།

གཞས་ཚིག་མཁོ་འདོན། གྲ་ནང་བསྟན་པ་ཚེ་རིང་།

同歌手歌词