扎囊果谐

扎囊旦巴次仁

༄༅།། གྲ་ནང་སྒོར་གཞས།

ཚིག་གདངས། དམངས་ཁྲོད་བསྒྱུར་བཟོ།

གཞས་པ། གྲ་ནང་བསྟན་པ་ཚེ་རིང་།

* * * * * * * *

༄༅།། ལྕང་གླིང་གྲུ་བཞི།

ལྕང་གླིང་གྲུ་བཞིའི་མཛེས་ཉམས་ཡ་ལ་གཟིགས་དང་།

ལྕང་གླིང་གྲུ་བཞིའི་མཛེས་ཉམས་ཡ་ལ་གཟིགས་དང་།

ཕྱི་ལ་གཟིགས་དང་ལྕགས་རི་གྲུ་བཞིས་བསྐོར་ཡོད།

ནང་ལ་གཟིགས་དང་ལྕང་གྲལ་འགྲིག་པ་ཡོད་དོ།

ཕྱི་ལ་གཟིགས་དང་ལྕགས་རི་གྲུ་བཞིས་བསྐོར་ཡོད།

ནང་ལ་གཟིགས་དང་ལྕང་གྲལ་འགྲིག་པ་ཡོད་དོ།

* * * * * * * *

ལྕང་གླིང་གྲུ་བཞིའི་བྱིའུ་ཆུང་ཡ་ལ་གཟིགས་དང་།

ལྕང་གླིང་གྲུ་བཞིའི་བྱིའུ་ཆུང་ཡ་ལ་གཟིགས་དང་།

ཕྱི་ཡི་སྤུ་རིས་རྨ་བྱའི་སྒྲོ་མདོག་ཡོད་དོ།

ནང་གི་གསུང་སྐད་འཇོལ་མོའི་གསུང་སྙན་ཡོད་དོ།

ཕྱི་ཡི་སྤུ་རིས་རྨ་བྱའི་སྒྲོ་མདོག་ཡོད་དོ།

ནང་གི་གསུང་སྐད་འཇོལ་མོའི་གསུང་སྙན་ཡོད་དོ།

* * * * * * * *

ལྕང་གླིང་གྲུ་བཞིའི་མགྲོན་པོ་ཡ་ལ་གཟིགས་དང་།

ལྕང་གླིང་གྲུ་བཞིའི་མགྲོན་པོ་ཡ་ལ་གཟིགས་དང་།

ཕྱི་ཡི་ཞལ་རས་འཛུམ་མདངས་དོད་པ་ཡོད་དོ།

ནང་གི་སྣང་བ་དེ་ལས་སྐྱིད་པ་ཡོད་དོ།

ཕྱི་ཡི་ཞལ་རས་འཛུམ་མདངས་དོད་པ་ཡོད་དོ།

ནང་གི་སྣང་བ་དེ་ལས་སྐྱིད་པ་ཡོད་དོ།

* * * * * * * *

ཁྱེད་ཀྱིས་བོད་གཞས་གསན་པར་ཐུགས་རྗེ་ཆེ་ཞུའོ།

* * * * * * * *

༄༅།། མཆོད་རྟེན་སྤུན་གསུམ།

བཀྲིས་ལུང་པའི་ཕུ་ལ།

གསེར་གྱི་མཆོད་རྟེན་སྤུན་གསུམ་བཞེངས་ཡོད།

རྩེ་མོ་ཡ་ལ་རྒྱན་མཚན་གྱི་དར་ལྕོག་བཙུགས་ཡོད།

གཞོན་པའི་རླུང་རྟ་སྐྱེས་སོང་།

* * * * * * * *

བཀྲིས་ལུང་པའི་བར་ལ།

དངུལ་གྱི་མཆོད་རྟེན་སྤུན་གསུམ་བཞེངས་ཡོད།

སྐེད་པ་ཡ་ལ་བཀྲིས་ལྷ་བསངས་ཕུལ་ཡོད།

གཞོན་པའི་བསམ་དོན་གྲུབ་སོང་།

* * * * * * * *

བཀྲིས་ལུང་པའི་མདའ་ལ།

གཡུ་ཡི་མཆོད་རྟེན་སྤུན་གསུམ་བཞེངས་ཡོད།།

རྩ་བ་མ་ལ་བྱིན་རླབས་ཆུ་ཕུད་ཞུསཡོད།

གཞོན་པའི་ལས་གྲིབ་དག་སོང་།

བཀྲིས་ལུང་པའི་མདའ་ལ།

གཡུ་ཡི་མཆོད་རྟེན་སྤུན་གསུམ་བཞེངས་ཡོད།

རྩ་བ་མ་ལ་བྱིན་རླབས་ཆུ་ཕུད་ཞུས་ཡོད།

གཞོན་པའི་ལས་གྲིབ་དག་སོང་།།

རྩ་བ་མ་ལ་བྱིན་རླབས་ཆུ་ཕུད་ཞུསཡོད།

གཞོན་པའི་ལས་གྲིབ་དག་སོང་།

གཞས་ཚིག་མཁོ་འདོན། གྲ་ནང་བསྟན་པ་ཚེ་རིང་།

同歌手歌词