缘分

仁多尔

作词 : 莫日巴

作曲 : 仁多尔

ལས་མཐུན་ལས་ཀྱི་དགའ་མ།

ཚིག་ རྨོག་རུ་བ།

དབྱངས་རིག་རྡོར།

ལུས་སེམས་མཐུན་ས་སྤྲོ་སྐྱིད་འབྲོག་ཐང་།

སྙིང་གཏམ་གླེང་ས་ཟླ་བའི་གུར་ཁང་།

འཇིག་རྟེན་འཁོར་བ་ཁབ་ཀྱི་རྩེ་ནས།

ཐུང་ཐུང་མི་ཚེ་བདེ་སྐྱིད་རྙེད་སོང་།

ལས་མཐུན་ལས་ཀྱི་དགའ་མ་ཡག་མ།

མཛེས་ཉམས་མཛེས་ཆ་དབྱར་ཁའི་བདག་མོ།

གཤིས་འཇམ་གཤིས་ཀ་བལ་དཀར་ཁ་ཆུ།

ཚེ་ཐུང་ཚེ་གྲོགས་སེམས་ཀྱི་དྲོད་ཤ།

ད་ནི་འུ་གཉིས་བརྩེ་བའི་ཀློང་ཡིན།

ཁྲེལ་དང་རློམ་པ་ཕན་ཚུན་སེམས་ཡིན།

ཞེ་འདང་ཡག་པོ་འགྱུར་མེད་རྡོ་ཡིན།

同歌手歌词