没有缘分的爱

扎囊旦巴次仁

༄༅།། ལས་འཕྲོ་མེད་པའི་བརྩེ་དུང་།

ཚིག་གདངས། གྲ་ནང་བསྟན་པ་ཚེ་རིང་།

གཞས་པ། གྲ་ནང་བསྟན་པ་ཚེ་རིང་།

* * * * * * * *

ཁྱེད་ཁྱེད་ཀྱི་འོད་ཟེར་ལམ་བུར་སོང་དང་།

ང་ང་ཡི་མུན་ནག་ལམ་བུར་འགྲོ་སྲིད།

འདས་ཟིན་པའི་གཏམ་རྒྱུད་རྨི་ལམ་ཞིག་བརྩིས།

དུས་ད་ཆ་དྲན་གསོ་བྱེད་དོན་གང་ཡོད།

ང་དང་ཁྱེད་ཉིད་ལས་འཕྲོ་མེད་པར།

ལག་གདང་དཔུང་འབྲེལ་ཞིག་ག་ལ་ཡོང་སྲིད།

ལྟ་བ་མཐོ་བའི་བུ་མོ་ཁྱེད།

ངས་ཚེ་གཅིག་བརྟེན་སའི་བརྩེ་གྲོགས་མ་རེད།

ཁྱེད་དང་པོ་མཐོང་དུས་ཡིན་མདོག་ཁ་པོ།

བུ་ང་ཡི་སེམས་པ་སེམས་པ་བསླུས་སོང་།

ཞི་འཇམ་པོའི་ཁྱེད་ཀྱི་རང་གཤིས་བཟང་པོ།

ཆར་རྗེས་ཀྱི་ནམ་ཁའི་འཇའ་ལྟར་ཡལ་སོང་།

ང་དང་ཁྱེད་ཉིད་ལས་འཕྲོ་མེད་པར།

ཆུ་དང་ཉ་མོ་བཞིན་ག་ལ་ཡོང་སྲིད།

ལྟ་བ་མཐོ་བའི་བུ་མོ་ཁྱེད།

ངས་བརྩེ་དུང་བཅངས་སའི་བརྩེ་གྲོགས་མ་རེད།

* * * * * * * *

ཁྱེད་ཀྱིས་བོད་གཞས་གསན་པར་ཐུགས་རྗེ་ཆེ་ཞུ།

* * * * * * * *

ཁྱེད་དང་པོ་མཐོང་དུས་ཡིན་མདོག་ཁ་པོ།

བུ་ང་ཡི་སེམས་པ་སེམས་པ་བསླུས་སོང་།

ཞི་འཇམ་པོའི་ཁྱེད་ཀྱི་རང་གཤིས་བཟང་པོ།

ཆར་རྗེས་ཀྱི་ནམ་ཁའི་འཇའ་ལྟར་ཡལ་སོང་།

ང་དང་ཁྱེད་ཉིད་ལས་འཕྲོ་མེད་པར།

ཆུ་དང་ཉ་མོ་བཞིན་ག་ལ་ཡོང་སྲིད།

ལྟ་བ་མཐོ་བའི་བུ་མོ་ཁྱེད།

ངས་བརྩེ་དུང་བཅངས་སའི་བརྩེ་གྲོགས་མ་རེད།

ང་དང་ཁྱེད་ཉིད་ལས་འཕྲོ་མེད་པར།

ཆུ་དང་ཉ་མོ་བཞིན་ག་ལ་ཡོང་སྲིད།

ལྟ་བ་མཐོ་བའི་བུ་མོ་ཁྱེད།

ངས་བརྩེ་དུང་བཅངས་སའི་བརྩེ་གྲོགས་མ་རེད།

ཙཱ་ར་་་་་་་་་ ཙཱ་ར་་་་་་་་

ལྟ་བ་མཐོ་བའི་བུ་མོ་ཁྱེད།

ངས་བརྩེ་དུང་བཅངས་སའི་བརྩེ་གྲོགས་མ་རེད།

ངས་བརྩེ་དུང་བཅངས་སའི་བརྩེ་གྲོགས་མ་རེད།

གཞས་ཚིག་མཁོ་འདོན། གྲ་ནང་བསྟན་པ་ཚེ་རིང་།

同歌手歌词