梦幻

霍尔仓拉浪措

作词 : 旦巴达杰

作曲 : 旦巴达杰

འཁྲུལ།

ཚིག། རྡོ་བསྟན་པ་དར་རྒྱས།

དབྱངས། རྡོ་བསྟན་པ་དར་རྒྱས།

གཞས་མ། ཧོར་གཙང་ལྷ་ལུང་འཚོ།

སྤྱན་གྱིས་མཐོང་བ་མེད་ན།།

སེམས་ནས་དྲན་ས་མ་རེད།།

ལག་ལ་ཐོབ་ནས་མེད་ན།།

ཡིད་ཆེས་ཐུབ་ས་མ་རེད།།

མི་སེམས་མི་སེམས་ཟེར་བ།།

འཁོར་བ་འཁོར་བའི་གཞི་རེད།།

མི་ལུས་མི་ལུས་ཟེར་བ།།

སྐྱེ་ནས་འཆི་བའི་རང་བཞིན།།

སྐད་གྲགས་ཆུ་རིས་གཉེར་མ།།

གཅིག་རྗེས་གཅིག་གི་ཡལ་འགྲོ།

སྐྱིད་སྡུག་དཔྱིད་ཆར་བབས་བབས།།

རྟག་བསམས་ཡིད་ལ་མ་འཆར།།

དེ་རིང་ལམ་གྱི་སྣེ་མོ།།

སང་ཉིན་སྒུག་པའི་ཉི་མ།།

རྒྱུ་འབྱོར་འོད་ཀྱི་ཟེགས་མ།།

རང་སེམས་འཁྲུལ་བའི་གཞི་རེད།།

同歌手歌词