藏家姑娘

霍尔仓拉浪措

作词 : 年吾

作曲 : 美仁青

སྦྲ་ནག་ཚང་གི་ལྷས་མཐའ་ན།།

བོད་པའི་བུ་མོ་རིག་བཟང་མ།།

སྐྱིད་སྐྱིད་འདྲ་བའི་རྣམ་འགྱུར་ཡོད།།

སེར་ཁ་གས་པའི་ལག་མགོ་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

(ཨོ་ཧོ་ཡ་རེ། ཡ་རས་ལོ།)

བོད་པའི་བུ་མོ་རིག་བཟང་མ།།

སྐྱིད་སྐྱིད་འདྲ་བའི་རྣམ་འགྱུར་ཡོད།།

སེར་ཁ་གས་པའི་ལག་མགོ་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

~

ཞིང་ཚིགས་གྲུ་བཞིའི་ནང་རོལ་ན།།

བོད་པའི་བུ་མོ་རིག་བཟང་མ།།

སྐྱིད་སྐྱིད་འདྲ་བའི་རྣམ་འགྱུར་ཡོད།།

སྒལ་ཚིགས་འཁྱོགས་པའི་སྐྱེ་གཟུགས་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

(ཨོ་ཧོ་ཡ་རེ། ཡ་རས་ལོ།)

བོད་པའི་བུ་མོ་རིག་བཟང་མ།།

སྐྱིད་སྐྱིད་འདྲ་བའི་རྣམ་འགྱུར་ཡོད།།

སྒལ་ཚིགས་འཁྱོགས་པའི་སྐྱེ་གཟུགས་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

~

ཕ་མས་མངགས་པའི་གནས་ཡུལ་ན།།

བོད་པའི་བུ་མོ་རིག་བཟང་མ།།

སྐྱིད་སྐྱིད་འདྲ་བའི་རྣམ་འགྱུར་ཡོད།།

རང་དབང་མེད་པའི་ལུགས་སྲོལ་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

(ཨོ་ཧོ་ཡ་རེ། ཡ་རས་ལོ།)

བོད་པའི་བུ་མོ་རིག་བཟང་མ།།

སྐྱིད་སྐྱིད་འདྲ་བའི་རྣམ་འགྱུར་ཡོད།།

རང་དབང་མེད་པའི་ལུགས་སྲོལ་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

རང་དབང་མེད་པའི་ལུགས་སྲོལ་ནས།།

སྐྱིད་དང་མ་སྐྱིད་སུས་ཀྱང་ཤེས།།

~

同歌手歌词