金色的花朵

霍尔仓拉浪措

作词 : 曼拉杰布

作曲 : 卓玛加

ཁྲི་གདུགས་ཉི་མ་གསེར་གྱི་མེ་ཏོག་མཁའ་ལ་འཁྲུངས་ཡོད།

འོད་སྣང་ས་ལ་འཕོག་ཡོད།

ཕ་ས་གངས་ཀྱི་ར་བ། ས་ཡི་འདབ་མ་མཁའ་ལ་རྒྱས་ཡོད།

ཕ་ཁྱིམ་ཀ་བཞི་གདུང་དྲུག མེ་ཏོག་དེ་ལ་ཕྲ་རྒྱན་བཏབ་ཡོད།

ཕྲ་རྒྱན་ནང་གི་མཛེས་རྒྱན། གདོང་པ་སྨུག་པོ་ཅན་གྱི་མི་རྒྱུད།……

སྒང་པ་བོད་འདི་ཉི་ཟླ་དང་འགྲོགས་ནས་ཡོང་།(×3)

~

ཁྲི་གདུགས་ཉི་མ་གསེར་གྱི་མེ་ཏོག་མཁའ་ལ་འཁྲུངས་ཡོད།

འོད་སྣང་ས་ལ་འཕོག་ཡོད།

ཕ་ས་གཡང་གི་མཚོ་མོ། གཡུ་ཡི་འདབ་མ་མཁའ་ལ་རྒྱས་ཡོད།

ཕ་ཁྱིམ་གཡུ་སྦྲ་གྲུ་བཞི། མེ་ཏོག་དེ་ལ་ཕྲ་རྒྱན་བཏབ་ཡོད།

ཕྲ་རྒྱན་ནང་གི་མཛེས་རྒྱན། གདོང་པ་སྨུག་པོ་ཅན་གྱི་མི་རྒྱུད།……

སྒང་པ་བོད་འདི་ཉི་ཟླ་དང་འགྲོགས་ནས་ཡོང་།(×3)

同歌手歌词