珠穆酒曲

霍尔仓拉浪措

作词 : 民间

作曲 : 民间

འབྲུག་མོའི་སྐྱེམས་ཆང་།

གཞས་གདངས། དམངས་ཁྲོད།

གཞས་ཚིག དམངས་ཁྲོད།

གཞས་མ། ཧོར་གཙང་ལྷ་ལུང་འཚོ།

~

གླུ་ཨ་ལ་ཨ་ལ་ཨ་ལ་ལེན།

མ་ཐ་ལ་གླུ་ཡི་ལེན་ལུགས་རེད།ཡ།

ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས།

མ་རྫེ་བཙུན་སྒྲོན་མ་དཀར་མོ་མཁྱེན།ཡ།

བུ་མོ་ང་ལ་སྡོང་གྲོགས་མཛོད།

ས་འདིའི་ས་ངོ་མ་ཤེས་ན།ཡ།

ས་བཟང་པོ་སྨོན་ལམ་ལ་ཁ་རེད།

སྨན་ང་དང་ང་ངོ་མ་ཤེས་ན།ཡ།

སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡིན།

ང་འཛམ་གླིང་བུ་མོའི་དྭངས་རྩེ་ཟེར།ཡ།

གླིང་དཀར་ཡུལ་གྱི་སྙིང་བཅུད་རེད།

སྒ་སྐྱ་ལོ་སྟོན་པའི་སྲས་མོ་ཡིན།ཡ།

དེ་ནས་སེང་ཆེན་རིན་པོ་ཆེ།

དེ་རིང་སེང་ལྕམ་འབྲུག་མོ་ངས།ཡ།

མེ་ཏོག་ཕོག་པའི་ལྷ་ལྐལ་ལ།

བཅུ་གསུམ་དར་གྱི་མཇལ་དར་ཡོད།ཡ།

ཡང་དཀར་ཡོལ་བཀྲ་ཤིས་ཡུ་རིང་ནང་།

གྲུབ་པའི་རྒྱལ་མོའི་ཚེ་ཆང་དང་།ཡ།

ད་རྒྱ་གར་ཡུལ་གྱི་རྒུན་ཆང་དང་།

རྒྱ་ནག་ཡུལ་གྱི་ས་ལུའི་ཆང་།ཡ།

ད་བོད་ཡུལ་སྔོན་མོ་ནས་ཀྱི་ཆང་།

དགྲ་ལྷ་དགྱེས་པའི་སྐྱེམས་ཆང་ཡིན།ཡ།

ཝེར་མ་མཉེས་པའི་ཕུད་མཆོད་ཡིན།

སྐུ་ཚེ་རིང་བའི་ཚེ་ཆང་ཡིན།ཡ།

ཆང་འདི་བཞེས་དང་དབུ་འཕང་མཐོ།

ངས་དེ་རིང་སེང་ཆེན་རྗེ་ལ་འབུལ།ཡ།

འདི་ནས་བྱང་ཆུབ་སྙིང་པོའི་བར།

བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ།ཡ།

ཁོ་མོ་ལུས་དང་གྲིབ་མ་བཞིན།

འབྲལ་མེད་སྐྱོངས་ཤིག་སེང་ཆེན་རྗེ།ཡ།

སྐྱེས་བུའི་ཐུགས་ལ་དེ་ལྟར་ཞོག(ཡ།) ³

~

同歌手歌词